| | e-texts navigator
|
125b1 ཐེག་པ་ཆེན་པོའི་ཆོས་དང་།ཚུལ་ཁྲིམས་ཀྱི་ཡི་གེ་བཀྲོལ་བ་ཤད་ན་ན་མན་ཆ་བྱུང་བ་དང་།ཡུལ་གྱི་བགེགས་དང་།དགྲའི་བགེགས་དང་།ཕ་མ་དང་།ཕུ་ནུ་བོ་དང་།མཁན་པོ་ལ་སོགས་པ་ཐོག
125b2 མ་ཤི་བའི་དུས་དང་།བདུན་གསུམ་གྱི་ཉི་མ་དང་།བདུན་བཞིའི་ཉི་མ་དང་།བདུན་ལྔའི་ཉི་མ་དང་།བདུན་བདུན་གྱི་ཉི་མ་ལ་དེའི་ཕྱིར་ཐེག་པ་ཆེན་པོའི་ཡི་གེ་དང་།ཚུལ་ཁྲིམས་བཀྲོལ་བ་ཤད།
125b3 མཆོད་སྟོན་བྱས་ཏེ།དགེ་བའི་བསོད་ནམས་ཐོབ་པར་གསལ་ཅིག།འགྲོ་འོངས་ཀྱང་གསོན་པོའི་མཚོ་བསོད་ནམས་བྱེད་པ་ལ་མེ་ཆེན་པོས་བསྲེགས།།ཆུ་ཆེན་པོས་ཁྱེར།རླུང་ནག་པོ་ཆེན་པོས
125b4 གྲུ་བུས་པ་དང་།རྩང་པོ་དང་མཚོ་ཆེན་པོའི་དགྲའི་བགེགས་ལ་སོགས་ཏེ།སྡིག་གོ་ཅོག་བགེགས་དང་ལན་གྱིས་ན་མཚམས་མེད་པ་བདུན།བགེགས་བརྒྱད།།ལོག་སྒྲིལ།རྐང་སྒྲིལ་ལྟུང་དང་།
125b5 ལྕགས་དང་ལུས་བཅིངས་དྲགས་ཏེ།གཡེམ་ཞིང་ཁོ་བ་མང་པོ་དང་།བླུན་ཞིང་གླེན་པ་མང་པོ་དང་།ན་ཚའི་མང་པོའི་ངག་ཟུས་ན་ཀུན་གྱིས་ཀྱང་ཐེག་པ་ཆེན་པོའི་ཆོས་ཀྱི་ཡི་གོ་དང་།ཚུལ
125b6 ཁྲིམས་ཁ་ཏོན་ཀླགས་ཏེ་དགྲོལ་བ་བཤད།།བྱང་ཆུབ་སེམས་དཔའ་གསར་དུ་སློབ་པ་འདི་བཞིན་མ་བྱས་ན་ལྟུང་བའོ།།ཚུལ་ཁྲིམས་འདི་དགུ་བསླབས་ལ་གུས་པར་རྟག་པར་གཟུངསུ་ཟུང་ཞིག།
125b7 སྙོམས་པའི་ཆོས་ཀྱི་ལེའུ་ལས་ཀྱང་རྒྱ་ཆེ་ཞིང་མངོན་པར་བཤད་དོ།།སངས་རྒྱས་ཀྱིས་སངས་རྒྱས་ཀྱི་བུ་ལ་བཀའ་སྩལ་པ།སངས་རྒྱས་ཀྱི་བུ་མི་ལ་ཚུལ་ཁྲིམས་ཤིག་སྦྱིན་ན་བྱེ་བྲག་དབྱེ
iiif viewer powered by OpenSeadragon
125a - 126a