| | e-texts navigator
|
125a1 དང་།རྐུན་པོ་ཆོམ་པོ་དང་།སྦྲུལ་གདུག་པའི་ལམ་ལ་སོགས་ཏེ།།བགེགས་ཡོད་དོ་ཅོག་ཐམས་ཅད་དུ་སྦྱངས་པའི་ཡོན་ཏན་པ་འགྲོར་མི་རུང་།།དེ་ལ་ཆེ་དགར
125a2 སོང་ན་ནི་ལྟུང་བའོ།།སངས་རྒྱས་ཀྱི་བུ་ཆོས་འདི་བཞིན་དུ་རིམ་པས་འཁོད་ཅིག།ཚུལ་ཁྲིམས་སྔར་ནོས་པ་ནི་སྔར་འདུག་ཤིག།ཚུལ་ཁྲིམས་ཕྱིས་ནོས་པ་ནི་ཕྱི་ནས་འདུག་ཤིག།རྒན
125a3 གཞོན་མི་ལྟ།དགེ་སློང་ཕོ་དང་།།དགེ་སློང་མོ་དང་།ཡ་རབས་དང་།བཙུན་པ་དང་།།རྒྱལ་པོ་རྒྱལ་བུ་དང་།ཉུང་རུམ་དང་།བྲན་པོ་སྨོས་ལ་སོགས་པ་ཚུལ་ཁྲིམས་སྔར་ནུས་པ་ནི་སྔར་འདུག
125a4 ཤིག།ཕྱིས་ནོས་པ་ནི་ཕྱིས་གོ་རིམས་བཞིན་དུ་འདུག་ཤིག།མུར་འདུག་ངན་པ་དང་།མི་གླེན་པོ་བཞིན་དུ་རྒན་ཡང་རུང་།།གཞོན་ཡང་རུང་།།སྔ་མེད་ཕྱི་མེད་པའི་གོ་རིམས་མེད་པ
125a5 ནི་གཡུང་པོ་བྲན་གྱི་ཆོས་སོ།།ང་སངས་རྒྱས་ཀྱི་ཆོས་ཀྱི་ནང་ན་ནི་སྔ་མ་ནི་སྟེང་དུ་འདུག།ཕྱི་མ་ནི་འོག་ཏུ་འདུག་གོ།བྱང་ཆུབ་སེམས་དཔའ་ནི་ཆོས་བཞིན་དུ་གོ་རིམསུ་མ་འཁོད་ན་ལྟུང
125a6 བའོ།།སངས་རྒྱས་ཀྱི་བུ་རྟག་པར་སེམས་ཅན་ནོ་ཅོག་བསྟན་ཅིང་བཅོས་ཏེ།དགེ་འདུན་གྱི་ཁང་ཁྱིམ་བྱེད་ཅིང་རི་དང་།ཚལ་དང་།ར་བ་དང་།ཞིང་ལ་སངས་རྒྱས་ཀྱི་རྟེན་གྱི་ཁང་པོ
125a7 བྱས་ལ་དབྱར་དགུན་དུ་ཚུལ་དང་།བསམ་གཏན་དུ་འཇུག་པའི་གནས་དང་།གཙང་མའི་འཆགས་འཛུག་སུ་གཞུག་པའི་རིག་སོ།།དེ་ལ་བྱང་ཆུབ་སེམས་དཔའ་སེམས་ཅན་ནོ་ཅོག་གི་ཕྱིར
iiif viewer powered by OpenSeadragon
124b - 125b