e-texts navigator
Collection
Volume
Page
Wylie

124b1 སྤྱད་པའི་ཆུ་གྲོང་རྒྱུ་བའི་ཚེ་འགྲོ་ཞིང་འོངས་ན་རྒྱང་གྲགས་བརྒྱ་སྟོང་དུ་འགྲོ་ན་ཡོ་བྱད་བཅོ་བརྒྱད་རྟག་པར་ལུས་དང་མི་འབྲལ་ཏེ།སྦྱངས་པའི་ཡོན་ཏན་པ་ནི་དཔྱིད་ཟླ་ར་བ་ཆོས་བཅོ་ལྔ་ནས་དཔྱིད་ཟླ་ཐ་ཆུངས་ཆོས
124b2 བཅོ་ལྔའི་བར་དུའོ།།སྟོན་ཟླ་འབྲིང་པོ་ཆེས་བཅོ་ལྔ་ནས་དགུན་ཟླ་ར་བ་ཉའི་བར་དུ་དུས་གཉིས་སུ་ཡོ་བྱད་བཅོ་བརྒྱད་ལུས་དང་མི་འབྲལ།དཔེར་ན་བྱའི་མདབ་མ་དང་འདྲའོ།།དེ་སྟོ་གསོ་སྦྱིན་གྱི་ཉི་མ
124b3 ལ་གསར་དུ་སློབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཟླ་བ་ཕྱེད་ཕྱེད་ཅིང་ཁ་ཏོན་དུ་ཕས་ཕམ་པ་བཅུ་དང་།ལྟུང་བ་བཞི་བཅུ་རྩ་བརྒྱད་ཀྱི་ཁྲིམས་ཁ་ཏོན་དུ་ལྷོགས་ཤིག།དེ་སྟེ་ཁྲིམས་ཀློག་པའི
124b4 ཚེ་སངས་རྒྱས་ཐམས་ཅད་དང་།བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གཟུགས་ཀྱི་སྤྱན་སྔར་གཟུགས་དང་།གཟུགས་བརྙན་གྱི་སྤྱན་སྔར་མི་གཅིག་གིས་ཁ་ཏོན་ཀླགས་ལ་གཅིག་གོས
124b5 འཐོལ་ཚངས་བྱ་སྟེ།གཅིག་ག་མཽ་གཉིས་སམ་གང་ཡང་རུང་སྟེ།སྟོང་བརྒྱ་དེའང་མི་གཅིག་གིས་ཁ་ཏོན་ཀློག་གོ།ཁ་ཏོན་ཀློག་པོ་ནིས་མཐོན་པོ་ལ་འདུག་ལ་ཉན་པ་ནི་དམའ་བ་ལ་འདུག་གོ།
124b6 སོ་སོ་ནས་ཆོས་གོས་ཚལ་བུ་དགུ་པ་དང་།ལྔ་པ་དང་།བདུན་པ་བགོས་ཏེ་ཚུལ་དུ་འཇུག་པ་ནི་གཅིག་ནས་གཅིག་ཏུ་ཆོས་བཞིན་དུའོ།།སྦྱངས་པའི་ཡོན་ཏན་སྤྱོད་པའི་ཚེ་བགེགས་ཡོད་ཅིང་མི
124b7 བདེ་བའི་ནང་དུམ་འགྲོ་ཅིག།ཡུལ་གྱི་བགེགས་དང་།རྒྱལ་པོ་མི་སྲུན་པ་དང་།ས་མཐོ་དམའ་དང་།རྩི་ཤིང་ཟབ་མོ་དང་།དབྱར་སེང་གེ་དང་།སྟག་དང་།སྨྱུང་ཀི་དང་།ཆུ་སྟེ་རླུང་གི་བགེ




iiif viewer powered by OpenSeadragon

124a - 125a

Texts on this page

N241 - chos kyi rgya mo sangs rgyas rnam par snang mdzad kyis byang chub sems dpa'i sems kyi gnas bshad pa le'u bcu