| | e-texts navigator
|
124a1 ཀྱི་ཆུ་བ་དང་།རྣ་བའི་རྩ་བར་བཙུགས་ཀྱང་ཐ་མར་ཁྲིམས་དྲལ་བའི་སེམས་ཀྱིས་རོལ་མོ་སྙན་པ་ལ་མི་མཉན་པང་སྨོན་ཏོ།།།ཡང་གཅིག་ཏུ་སྨོན་ལམ་འདི་ལྟ་བུར་སྨོན་ཏོ།།བསྐལ།
124a2 པ་སྟོང་ཕྲག་བརྒྱའི་བར་དུ་རལ་གྲིས་སྣ་བཅད་ཅིང་གཞོགས་ཀྱང་ཁྲིམས་དྲལ་བའི་སེམས་ཀྱིས་སྤྲོས་ཅོག་ལ་མི་སྡོམ་པར་སྨོན་ཏེ།།ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏོ།།བསྐལ་པ
124a3 བརྒྱ་སྟོང་གི་བར་དུ་ལྕེ་རལ་གྲིས་བཅད་གཏུབས་ཀྱང་ཁྲིམས་དྲལ་བའི་སེམས་ཀྱིས་མིའོ་ཅོག་གི་ཁ་ཟས་གཙང་མའོ་ཅོག་ལ་མི་བཟའ་བར་སྨོན་ཏོ།།ཡང་གཅིག་ཏུ་སྨོན་ལམ་འདི་ལྟར
124a4 སྨོན་ཏོ།།སྟ་རྣོན་པོས་ལུས་བཅད་གཏུབས་ཀྱང་མཐར་ཁྲིམས་དྲལ་བའི་སེམས་ཀྱིས་རེག་པའི་བཟང་པོ་ལ་མི་བད་མི་ཆགས་པར་སྨོན་ཏོ།།ཡང་གཅིག་ཏུ་སྨོན་ལམ་འདི་ལྟར་སྨོན་ཏེ།།
124a5 སེམས་ཅན་ནོ་ཅོག་སངས་རྒྱསུ་ཡོད་པར་སྨོན་ཏོ།།བྱང་ཆུབ་སེམས་དཔའ་འདི་ལྟ་བུའི་སྨོན་ལམ་མ་བསྐྱེད་ན་ལྟུང་བའོ།།སངས་རྒྱས་ཀྱི་བུ་རྟག་པར་དུས་གཉིསུ་སྤངས་པའི་ཡོན་ཏན་པ
124a6 དགུན་དང་།དབྱར་བསམ་གཏན་དུ་འཇུག་པ་དང་།ཚུལ་ཁྲིམསུ་འཇུག་པ་སོ་ཤིང་དང་།སྲན་ཕྱེ་དང་།ཆོས་གོས་གསུམ་དང་།རིལ་བ་དང་།ལྷུང་བཟེད་དང་།གདོང་བ་དང་།གསིལ་བྱེད་དང་།
124a7 པོགི་ཕར་དང་།ཆུ་ཆགས་དང་།ལག་ཕྱིས་དང་།གྲི་དང་།གཙུབ་ཤིང་དང་།གེ་ཙུ་བསྟན་དང་།སྨེད་ཆར་དང་།ཐ་གུའི་ཁྲི་དང་།།དར་མ་དང་།ཁྲིམས་དང་།སངས་རྒྱས་ཀྱི་བུ་སྦྱངས་པའི་ཡོན་ཏན
iiif viewer powered by OpenSeadragon
123b - 124b