e-texts navigator
Collection
Volume
Page
Wylie

111b1 ཐམ་ཨན།ཐཐམཆམམས་ཨམས་མཐམ།མ།ཐ་ས་ནཿཥ་ས་མཿ་གམ་མ།ཀམན.མསམ
111b2 ཕས་ཕམ་པའོ།།སངས་རྒྱས་ཀྱི་བུ་བདག་གིས་མ་བྱིན་པར་བླངས་སམ།ཕ་ལོག་པོ་མ་བྱིན་པར་ལེན་དུ་བཅུག་གམཿ།ཐབས་ཀྱིས་མ་བྱིན་པར་བླངས་སམ།མ་བྱིན་པར་བེན་པའི་རྒྱུ། བྱིན་པར
111b3 ལེན་པའི་རྐྱེན།མ་བྱིན་པར་ལེན་པའི་ལས་བྱེད་པ།སྔགས་སྒྱུ་མ་བྱས་ཏེ་ནོར་ཁྱེར་བ་ལ་སོགས་ཏེ།ལྷ་མ་སྲིན་དང་།བདག་འོ་ཡོད་པ་དང་།ཡང་བློའི་ནོར་རྫས་དང་།ནོར་རྫས་སོ་ཅོག་ལ་ཁབ་དང་།རྩ
111b4 ཉག་མ་གཅིག་ལངས་ཆེད་དཀར་མ་བྱིན་པར་བླངསུ་མི་རུང་།།བྱང་ཆུབ་སེམས་དཔའ་ནི་སངས་རྒྱས་ཀྱི་རང་བཞིན་སྐྱེད་ལ།སྲི་ཞུའི་ཡིད་དང་མི་འགའ་ཞིང་།བྱམས་ཞིང་སྙིང་རྗེ་བར་བྱས་ཏེ་རྟག་པར
111b5 སེམས་ཅན་ནོ་ཅོག་གི་ཡོན་ཏན་དང་བསོད་ནམས་བསྐྱེད་པའི་རིགསོ།།དེ་ལ་སླར་ལོག་པར་མིའི་ནོར་རྫས་མ་བྱིན་པར་བླངས་ན་བྱང་ཆུབ་སེམས་དཔའི་ཕས་ཕ་མོ་པའོ།།སངས་རྒྱས་ཀྱི་བུ་བདག་མི
111b6 ཚངས་པར་སྤྱོད་དམ།གཞན་མི་ཚངས་པར་སྤྱོད་པ་རོ་བསྟན་ནམ།བུད་མེད་དེ་ཅོག་ལ་མི་ཚངས་པར་སྤྱོད་པར་བྱེད་པ་དང་།གཞན་ལ་མི་ཚངས་པར་སྤྱོད་པ་དང་།མི་ཚངས་པར་སྤྱོད་པའི་རྒྱུ་དང་།
111b7 མི་ཚངས་པར་སྤྱོད་པའི་རྐྱེན་དང་།མི་ཚངས་པོར་སྤྱོད་པའི་ཆོས་བྱེད་པ་དང་།མི་ཚངས་པར་སྤྱོད་པའི་ལྔས་བྱེད་པ་དང་།བྱོལ་སོང་དང་།ལྷ་དང་།ལྷ་མུ་སྲིན་གྱི་བུ་མོ་ལ་མི་ཚངས་པོར་སྤྱོད་པ་དང་།།
111b8 ཆོས་དང་འགལ་བའི་མི་ཚངས་པར་སྤྱོད་ན་བྱང་ཆུབོ་སེམས་དཔའི་ནི་སྲི་ཞུ་དང་མི་འགལ་བའི་སེམས་ཀྱིས་སེམས་ཅན་ཐམས་ཅད་ཐར་པའིར་མདའ་བྱ་ཞིང་ཆོས་གཙང་མ་གཞན་ལ་སྦྱིན་པའི་རིག་སོ།།




iiif viewer powered by OpenSeadragon

111a - 112a

Texts on this page

N241 - chos kyi rgya mo sangs rgyas rnam par snang mdzad kyis byang chub sems dpa'i sems kyi gnas bshad pa le'u bcu