e-texts navigator
Collection
Volume
Page
Wylie

110a1 ས་རུ་ཕྱིན།།ཆེར་ཆེན་ས་དང་མཚུངས་ཟིན་ཏེ།།སངས་རྒྱས་ཀུན་གྱི་བུ་ཡང་དང་།།མཱང་བ་ཀུན་གྱིས་གུས་པར་བྱས།།སེམས་གཅིག་བརྟུལ་ཏེ་དཀློག་ཉོན།།
110a2 དེའི་ཚེ་ན་ཤཱཀྱ་ཐུབ་པའི་སངས་རྒྱས་ཐོག་མ་བྱང་ཆུབ་ཤིང་དྲུང་བཞུགས་བླ་ན་མེ་པའི་གཡུང་དྲུང་རྫོགས་པའི་བྱང་ཆུབ་བོ།།བྱང་ཆུབ་སེམས་དཔའི་ཐོག་མ་སོ་སོར་ཐར་པའི་འདུད
110a3 པ་ནི་པ་མཱ་དང་།དགེ་འདུན་དང་།དཀོན་མཆོག་གསུམ་ལ་སྲྀ་ཞུ་དང་།ཡང་དང་མི་འགལ་བར་བྱའོ།།སྲི་ཞུ་བྱས་ཏེ་བླ་མུའི་ཡོད་དང་མི་འགལ་བ་ནི་ཆོས་ཟབ་མོར་ཐོབ་པའི་གཞུང་སྟེ།
110a4 སྲི་ནུའི་མིང་ནི་ཚུལ་ཁྲིམ་སོ།།མིང་གཅིག་ཏུ་སྡོམ་པ་དང་གཏིང་བའོ།།དེ་ནས་འོད་སྣང་བ་གྲངས་མེད་པ་འབྱུང་ངོ་།།དེའི་ཚེ་འབུམ་ཕྲག་བརྒྱ་སྟོང་མང་པོ་ཚོགས་པ་བྱང་ཆུབ་སེམས
110a5 དཔེའ་རྣམས་དང་།གཟུགས་ཡོད་པའི་ཁམས་ཀྱི་གནམ་བཅོ་བརྒྱད་དང་།འདོད་པའི་ཁམས་ཀྱི་གནམ་རིམ་པ་དྲུག་གི་ལྷ་དང་།རྒྱལ་པོ་ཆེན་པོ་རྣམས་ཐལ་མོ་སྦྱར་ཏེ།སེམས
110a6 གཅིག་ཏུ་མཉན་ནས་སངས་རྒྱས་ཀྱི་ཚུལ་ཁྲིམས་ཆེན་པོ་བླགས་ཏེ།བྱང་ཆུབ་སེམས་དཔའ་རྣམས་ལ་བཀའ་སྩལ་པ།ང་ད་ལྟར་ཟླ་བ་ཕྱེད་ཕྱེད་ཅིང་བདག་གིས་སངས་རྒྱས
110a7 ཐམས་ཅད་ཀྱི་ཚུལ་ཁྲིམས་ཁ་ཏོན་དུ་ཀློག་གོ།ཁྱེད་ལ་སོགས་པ་ཐོག་མ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཀྱང་ཁ~ཾ་ཏོན་དུ་ལྷོགས་ཤིག།སེམས་གཡོས




iiif viewer powered by OpenSeadragon

109b - 110b

Texts on this page

N241 - chos kyi rgya mo sangs rgyas rnam par snang mdzad kyis byang chub sems dpa'i sems kyi gnas bshad pa le'u bcu