| | e-texts navigator
|
108b1 པུདྨོའི་མེ་ཏོག་སྣོད་ཀྱི་ཁམས་ཀྱི་ཤུར་ཕྱོགས་ནས་བྱུང་ནས་ལྡིང་པའི་ཁང་བུའི་ནང་དུ་ཞུགས་ནས་བདུད་ཀྱིས་ཆོས་མནོས་པ་བཞིན་དུ་བཤད་ཟིན་ནས།ཡས་བབས་ཏེ་ཛམྦུའི་གླེང་གི་ཀ་ཕྱི་ལར
108b2 སྐྱེས་ནས་ཡུམ་གྱི་མཚན་ནི་ལྷ་མཛེས་ཆེན་མོ།།མེབ་ཀྱི་མཚན་ནི་ཟས་གཙང་མ།དྲ་དག་གི་མིང་ནི་སིདྡྷོནྶ་ཞེས་བྱ་སྟེ།ལོ་བདུན་ན་རབ་ཏུ་བྱུང་།ལོ་སུམ་ཅུ་ནས་སངས་རྒྱས་ཕྱིན་ནོས་ངའི
108b3 མཚན་ནི་ཤཱཀྱ་ཐུབ་པ་ཞེས་བྱ་སྟེ།མི་འགྱུར་བའི་གཙང་མའི་སར་རྡོ་རྗེའི་མེ་ཏོག་གི་ཁྲི་ལ་འདུག་ནས་དབང་པོ་ཆེན་པོའི་གནམ་གྱི་རྒྱལྔ་པའི་ཕོ་བྲང་དུ་ཕྱིན་ཏེ།དེའི་ནང་གི་འདུག་པ
108b4 བཅུའི་གནས་ཀྱི་མཐར་གྱིས་བཤད།དེའི་ཚེ་སངས་རྒྱས་ཀྱིས་རུས་གཅིང་མཚན་པོའི་གནམ་གྱི་རྒྱལ་པོ་དཱ་པའི་རྒྱལ་མཚན་མཐོང་བའི་ཕྱིར་གྲངས་མེད་པའི་ཁམས་དཔེར་ན་དྲ་བིའི་བུ་གུ་དང
108b5 མཚུངས་པར་བཤད་ན་ཁམས་གཅིག་ནས་གཅིག་སོ་སོ་མི་མཐུན་ཏེ་ཐ་དད་པའི་གྲངས་མེད་དོ།།སངས་རྒྱས་ཀྱི་ཆོས་ཀྱི་སྒོ་མོ་བཤད་པའང་དེ་དང་འདྲའོ།།ངས་ཁམས་འདིར་ལེན་བརྒྱད་སྟོང
108b6 ཕྱིར་ཏེ།ཁམས་ཛམྦུའི་གླིང་འདིའི་ཕྱིར་རྡོ་རྗེའི་ཁྲི་སྟེང་དུ་འདུག་སྟེ།དབང་པོ་ཆེན་པོའི་གནམ་གྱི་རྒྱལ་པོའི་ཕོ་བྲང་དུ་ཕྱིན་ནས་དེའི་ནང་གི་མང་པོ་ཐམས་ཅད་སེམས་ཀྱི་གནས་ཀྱི་མདོ་ཆེའོ།།
108b7 དེ་ནས་གནམ་གྱི་ཕོ་དྲིང་ནས་མར་བབས་ཏེ་ཛཾ་མཱུའི་གླིང་བྱང་ཆུབ་ཀྱི་ཤིང་དྲུང་དུ་ཕྱིན་ནས་དེའི་སའི་སྟེང་གི་སེམས་ཅན་བླུན་པ་མ་རབས་རྣམས་ཀྱི་ཕྱིར་ཐོག་མ་བྱི་མོ་རྫོགས་ལོངས་སྤྱོད་པའི་སྐུ
iiif viewer powered by OpenSeadragon
108a - 109a