| | e-texts navigator
|
107b1 ལྷམ་མེ་ལྷང་ངེ་བའི་སེངྒེའི་གདན་གྱི་སྟེང་ནས་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་འོད་བཏང་སྟེ།འོག་གི་མེ་ཏོག་སྟོང་གི་ཐོག་གི་སངས་རྒྱས་ལ་སྤྱན་ཏེ།ངའི་སེམས་ཀྱི་གནས་ཀྱི་ཆོས་ཀྱི་སྒོ་མོའི
107b2 ལེའུ་གཟུངསུ་ཟུང་ལ་དེང་ཤིག།ཡང་གཅིག་ནས་གཅིག་ཏུ་འབུམ་ཕྲག་བརྒྱའི་ཡང་ཕྲག་སྟོང་གི་ཤཱཀྱ་ཐུབ་པས་སེམས་ཅན་ཐམས་ཅད་ལ་མཐར་གྱིས་ངའི་ཡན་ཆད་ཀྱི་སེམས་ཀྱི་གནས་ཀྱི
107b3 ཆོས་ཀྱི་སྐེ་མོའི་ལེའུ་ཤོད་དེ་ཁྱོད་ལ་སོགས་པ་སེམས་གཅིག་ཏུ་གཟུངས་སུ་ཟུང་ལ་བྱོས་ཤིག།དེ་ནས་མེ་ཏོག་སྟོང་གི་ཐོག་གི་སངས་རྒྱས་འདུམ་དྲ་བ་བརྒྱའི་ཡང་ཕྲག་སྟོང་གི་ཤཱཀྱ་ཐུབ་པ་པདྨོའི་སྣོད་ཀྱི
107b4 ཁམས་ན་ལྷམ་མེ་ལྷུང་བའི་སེང་གེའི་ཁྲི་ལས་འདས་ཏེ།སོ་སོ་ནས་མཆི་ཕྱག་འཚལ་ཏེ་ཕྱིར་ནུར་ནས་ལུས་ཀུན་གྱིས་བསམ་གྱིས་མི་ཁྱབ་པའི་འོད་བཏང་སྟེ།ཀུན་འོད་ཀྱི་ནང་ནས་གྲངས་མེད་པའི
107b5 སངས་རྒྱས་བྱུང་སྟེ།ཅིག་ཅར་གྲངས་མེད་པའི་མེ་ཏོག་སྔོན་པོ།སེར་པོ།།དམར་པོ།དཀར་པོས་རྫོགས་ལོངས་སྤྱོད་པའི་སྐུ་སངས་རྒྱས་ལ་ཡོན་དུ་གསོལ་ནས་ཡན་ཆད་སེམས་ཀྱི་ཕྱི་མོའི་ལེའུ་བཤ
107b6 དྲའང་ཁོང་དུ་ཆུད་ནས་སོ་སོར་པདྨོའི་སྣོད་ཀྱི་ཁམས་ཀྱི་ནང་དུ་ནུབ་སྟེ།རང་བཞིན་གྱིས་བསྐལ་པ་སྟོང་པ་ཉིད་ཀྱི་ནང་དུ་ནུབ་ནས་མེ་ཏོག་འོད་ཀྱི་ཏིང་ངེ་འཛིན་ཐོག་མར་བྱུང་བའི་གནསུ་སླར་སོང་སྟེ།ཛམྦུའི།
107b7 གླིང་བྱང་ཆུབ་ཀྱི་ཤིང་དྲུང་དུ་བྱིན་ནས་རང་བཞིན་གྱི་བསྐལ་པོ་མེ་ཏོག་འོད་ཀྱི་ཏིང་ངེ་འཛིན་ལས་བྱུང་སྟེ།གདོད་རྡོ་རྗེའི་རྒྱལ་པོའི་གདན་དང་།འོད་ཤིན་ཏུ་བཟང་པོའི་ཁང་པར་འདུག་ནས་ཕྱོགས་བཅུར
iiif viewer powered by OpenSeadragon
107a - 108a