| | e-texts navigator
|
107a1 ཐམས།ཐམཆམམམས་སམས་མཐམ།ཐས་མས་མ་མས་མ་མ་མ
107a2 ས་སོ་ནས་སེམས་གཅིག་ཏུ་འགྲུས་ཤིང་འབོགས་པ་བཙལ་བའི་རིགས་སོ།།བག་བྱས་ལ་ལེ་ལོ་བླ་ཁྱུད་དང་།།ཉལ་བ་དང་།གཉིད་ཀྱིས་ལོག་ཅིང་རང་ཉམས་ཀྱི
107a3 ཡིད་མི་བྱའོ།།མཚན་ཞིང་ནི་སེམས་བསྡུས་ལ་རྟག་པར་དཀོན་མཆོག་གསུམ་གཟུངས་སུ་བཟུང་ལ་ཕྱལ་བ་དོན་མེད་པ་ལ་ཉོན་མོངས་ངལ་ཆད་ཅིང་ཚེ་ཕྱི་མ་ལའང་རབ་ཏུ་འགྱོད་པ་མཐར
107a4 ཅིའང་ཐོབ་པ་མེད་པར་མི་བྱའོ།།མང་པོའི་རྣམས་གཅིག་ནས་གཅིག་ཏུ་ཚུལ་ཁྲིམས་འདི་བཞིན་ལོགས་པར་བྱོས་ཤིག།དེའི་ཚེ་ན་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་མང་པོའི
107a5 ཕྱིར་ཆུ་བོ་གངྒཱའི་བརྒྱ་སྟོང་གི་བྱེ་མ་སྙེད་ཀྱིས་བརྗོད་དུ་མེད་པའི་ཆོས་ཀྱི་སྒོ་མའི་མདོ་ཕྱེ་སྟེ།དེའི་ནང་ནས་སེམས་ཀྱིས་གནས་སྤུ་ཉག་མའི་མགོ་རྙེད་དོ།།སྔ་མི་འདས་པའི་སངས་རྒྱས
107a6 ཐམས་ཅད་ལའང་བཤད་དོ།།ད་ལྟར་གྱི་སངས་རྒྱས་ལའང་དེ་བཞིན་འཆད།།མ་འོངས་པའི་སངས་རྒྱས་ཐམས་ཅད་ལའང་དེ་བཞིན་འཆད་པར་འགྱུར་རོ།།དུས་གསུམ་གྱི་བྱང་ཆུབ
107a7 སེམས་དཔའ་ལོབས་པ་དང་།སློབ་པ་དང་།སློབ་པར་འགྱུར་རོ།།ངས་བསྐལ་པ་བརྒྱའི་བར་དུ་སེམས་ཀྱི་གནས་འདི་བྱས་པས་ན་ངའི་མཁན་པོ་རྫོགས་ལོངས་སྤྱོད་པའི་སྐུ་ཞེས་བྱའོ།།
107a8 ཁྱེད་སངས་རྒྱས་ཐམས་ཅད་ཀྱིས་ངས་བཤད་དོ་ཅོག་གཅིག་ནས་གཅིག་ཏུ་སོན་ཐམས་ཅད་ལ་སེམས་ཀྱི་གནས་ལམ་ཕྱེ་ཤིག།དེ་ནས་པདྨོའི་སྙིང་པོའི་སྣོད་ཀྱི་ཁམས་ན་གནེམ་གྱི་འོད
iiif viewer powered by OpenSeadragon
106b - 107b