e-texts navigator
Collection
Volume
Page
Wylie

106b1 ཀུན་ཀྱང་གཙང་མར་མངོན་ནོ།།ལེགས་པ་ཆེན་པོ་ཡོད་པའི་རྣམས་དང་།དགེ་བསྙེན་དང་།དགེ་བསྙེན་མ་ལ་སོགས་པ་བརྟགས་པར་ཉོན་ཅིག།སངས་རྒྱས་མྱ་ངན་ལས་འདས་པའི་ཕྱིར་ན་མཆོད
106b2 རྟེན་ལས་ཆོས་བྱེད་པའི་ཚེ་སོ་སོར་ཐར་པ་ལ་བཙུད་ཅིང་ལྕི་བ་དང་།གུས་ཤིང་རིན་ཆེར་བྱོས་ཤིག།སོ་སོར་ཐར་པ་ཞེས་བྱ་བའི་ཚུལ་ཁྲིམས་ནི་འདི་ཡིན་ནོ།།ཚུལ་ཁྲིམས་འདི་བཟུང་ན་མུན
106b3 པ་ལས་སྣང་བར་ཕྲད་པ་དང་མཚུངསོ།།མི་དབུལ་པོ་ལས་ནོར་ཆེན་པོ་ཐོབ་པ་དང་མཚུངསོ།།ནད་པ་སྨན་རྙེད་པ་དང་མཚུངས་སོ།།བཙོན་ཁྲི་མུན་ནས་ཕྱུང་བ་དང་མཚུང་སོ།།ལ་མི་རང་པོར
106b4 སོང་བ་ལས་སླར་འཁོར་བ་དྲང་མཚུངས་ཏེ།འདི་ནི་ཀུན་གྱི་མཁན་པོ་ཆེན་པོ་ཡིན་རྫ་མངོན་པས་སངས་རྒྱས་འཇིག་རྟེན་ན་བཞུགས་པ་དང་མི་མཚུངས་པ་མེད་དོ།།འཇིགས་པའི་སེམས་ནི་སྐྱེ
106b5 དཀའ།།དགེ་བའི་སེམས་ནི་གཡོ་དཀའ་བས་ན་ཁ་ན་མ་ཐོ་བ་ལས་བརྙེས་ཏེ་མེད་སྙམ་དུ་བྱས་ན་ཆུའི་ཐིགས་པ་ཆུང་མོད་ཀྱི་རྐྱེན་གྱིས་ན་སྣོད་ཆེན་པོ་འགང་ངོ་།།ཡུད་ཙམ་གྱི་བར་དུ་སྡིག
106b6 བྱས་པས་ན་བསྟིར་མེད་པའི་སེམས་ཅན་དམྱལ་བར་ལྟུང་ངོ་།།རེ་ཞིག་མེ་ལུས་སྟོར་ན་བསྐལ་པ་ཁྲིའི་བར་དུའང་མི་ལུས་མི་ཐོབ་བོ།།དར་བའི་ཚེ་མི་སྡོད་དོ།།དཔེར་ན་ནེ་རྟ་རྒྱུགས་པ་དང་འདྲ།
106b7 མིའི་ཚེའང་རྟག་པ་མེད་དེ།དཔའ་རྒལ་གྱི་ཆུ་འབབ་བེ་བས་ཀྱང་མྱུར་ཏེ།དེ་རང་གིསོན་མོད་ཀྱི།།སང་གི་གཉའ་ཡང་དཀའོ།།དེ་དུས་ཁོ་ན་ལ་བབ་ཀྱིས་མང་པོའི་རྣམས




iiif viewer powered by OpenSeadragon

106a - 107a

Texts on this page

N241 - chos kyi rgya mo sangs rgyas rnam par snang mdzad kyis byang chub sems dpa'i sems kyi gnas bshad pa le'u bcu