| | e-texts navigator
|
101b1 རྒྱལ་ཁྱོད་ཀྱི་རྒྱལམ་གོན་མེད་ཟས་སྦྱིན་གྱི་ཀུན་དགའ་ཐུན་བཞུགས་ཏེ།།དེའི་ཚེ་འཁོར་དེར་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱལ་མཚན་ནས་བྱ་བ་འདུག་བསྟན་ལས་ལངས་སྷོ།བཅོམ་ལྡན་འདསལ
101b2 སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཆོས་དུ་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱསུ་འགྱུར་བ་ལགས།བཅོམ་ལྡན་འདས་ཀྱིས་བཀའ
101b3 སྩལ་པ།རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཆོས་བཅུ་དང་ལྡན་ན་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱསུ་འགྱུ་རོ།།བཅུ་གང་ཞེ་ན།འདིར་བྱང་ཆུབ་སེམས་དཔའ་དད་པ་དང
101b4 ལྡན་པར་བྱ་བ་དང་།བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱ་བ་དང་།།དགེ་བའི་བཤེས་གཉེན་ཡོངསུ་མི་བཏང་བ་དང་།དགོན་པར་བསྟེན་ཅིང་འདུ་འཛི་སྤང་བ་དང་།བླ་མ་དང་མཁན་པོའི་གདམ
101b5 ངག་ཡོངསུ་སྩལ་བ་དང་།སྙིང་རྗེ་དང་ལྡན་པ་དང་།མང་དུ་ཐོས་པ་དང་ལྡན་པ་དང་།ཏིང་འཛིན་དང་ལྡན་པ་དང་།ཚུལ་ཁྲིམས་དང་ལྡན་པ་དང་།བརྩོན་འགྲུས་ཕུན་སུམ་ཚོགས་པས་དོན་མ
101b6 ལུས་པར་སྒྲུབ་པའོ།།བཅོམ་ལྡན་འདས་དེ་སྐད་ཅེས་བཀའ་སྩལ་པ་དང་།སྙིང་རྗེ་དང་བྱང་ཆུབ་སེམས་དཔའ་ཆོས་ཀྱི་རྒྱུ་ལ་མཚན་དང་།།ཐམས་ཅད་དང་ལྡན་པའི་འཁོར་དེ་དག་བཅོམ་ལྡན
101b7 འདྲེས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།།འཕགས་པ་ཆོས་ཀྱི་རྒྱལ་མཚན་གྱིས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོག་སོ།།
iiif viewer powered by OpenSeadragon
101a - 102a