e-texts navigator
Collection
Volume
Page
Wylie

344b1 གྱིས་གླགས་རྙེད་པར་འགྱུར་བ་དང་།དེ་བཞིན་གཤེགས་པ་མཉེས་པར་མི་འགྱུར་བ་དང་།ལྷ་དང་མི་དགའ་བར་འགྱུར་བ་དང་།བདག་གིས་དགེ་བའི་ཕྱོགས་ཡོངས་སུ་འབྲི་བར
344b2 འགྱུར་བའི་སེམས་བསྐྱེད་པ་དེ་དག་ནི་བྱང་ཆུབ་སེམས་དཔས་མི་བསྐྱེད་པར་བྱའི།སེམས་བསྐྱེད་པ་གང་ལས་བདུད་སྡིག་ཅན་གྱིས་གླགས་རྙེད་པར་མི་འགྱུར་བ་དང་།དེ་བཞིན་གཤེགས
344b3 པ་མཉེས་པར་འགྱུར་བ་དང་།ལྷ་དག་དགའ་བར་འགྱུར་བ་དང་།བདག་གིས་དགེ་བའི་ཕྱོགས་ཡོངས་སུ་འབྲི་བར་མི་འགྱུར་བའི་སེམས་བསྐྱེད་པ་དེ་དགྲ་ནི་བསྐྱེད་པར་བྱ་སྟེ།དེ་དེ
344b4 ལྟར་ཞུགས་ན་སེམས་བསྐྱེད་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་རོ།།དེ་ཅིའི་ཕྱིར་ཞེ་ན།དེ་ལྟར་བྱང་ཆུབ་སེམས་དཔའ་དེས་སེམས་བསྐྱེད་མ་ཐོག་ཏུ་རྒྱུ་དང་དམིགས
344b5 པའི་རྐྱེན་ལ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་མ་སྐྱེས་པ་དང་།དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱང་མ་སྐྱེས་པ་ལས་རྟོགས་པར་འགྱུར་ལ།བྱང་ཆུབ་ཇི་ལྟ་བར་ཆོས་ཀྱི་འཁོར
344b6 ལོ་སྒྱུར་བའང་དེ་བཞིན་དུ་ཤེས་ཏེ།སེམས་ཀྱི་བསམ་པའི་གོ་ཆ་དེ་དག་གིས་ཐམས་ཅད་མཁྱེན་པ་རྟོགས་པར་ནུས་སོ།།བྱང་ཆུབ་སེམས་དཔའ་ཚིག་གི་རབ་ཏུ་ཐ་དད་པ་ཐམས
344b7 ཅད་ལ་སྤོབས་པས་སྨྲས་པ།སྐྱེས་བུ་དམ་པ་དག་བྱང་ཆུབ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་བ་སྟེ།ཀུན་ནས་ཉོན་མོངས་པའི་རྗེས་སུ་སོང་བ།རྣམ་པར་བྱང་བའི་རྗེས་སུ་སོང་བ།འདུས




iiif viewer powered by OpenSeadragon

344a - 345a

Texts on this page

N201 - 'phags pa ma skyes dgra'i 'gyod pa bsal ba zhes bya ba theg pa chen po'i mdo