| | e-texts navigator
|
340b1 ནུས་སྐྱེ་དེ་ལྟ་བུའི་གཏམྦྷ་སྣོད་པ་གྱུ་པ་དང་།བྱང་ཆུབ་སེམས་དཔ་ཀླུ་དཔལ་གྱིས་སྨྲས་པ།དགེ་བའི་རྣ་བའི་ཚོགས་བས་གསུ་པ་བསྔོ་བ་ལ་ཆོག་མི་ཤེས་པའི་དགེ་བའི
340b2 ལཾ་གཞོག་པར་གནས་ཤིང་མི་བརྗེད་པའི་གོ་ཆ་བགོས་པས་ཡེ་ཤེས་ཆེན་པོ་དེ་རྟོགས་པར་ནུས་སོ།།བྱང་ཆུབ་སེམས་དཔའ་ཀླུས་བྱིན་གྱིས་སྨྲས་པ།སེམས་སྙོམས་པ་དང་།སེམས
340b3 དུལ་བ་དང་།སེམས་འཇམ་པ་དང་།སེམས་དྲང་བ་དང་།སེམས་མཉེན་པ་དང་།སེམས་ཅད་ཤེས་པའི་ཕྱིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡི་དམ་བརྟན་པོ་སྙིང་པོ་ལ་གནས།
340b4 པའི་གོ་རྒྱུ་བགོས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས།ཡེ་ཤེས་ཆེན་པོ་དེ་རྟོགས་པར་ནུས་སོ།།བྱང་ཆུབ་སེམས་དཔའ་དྲབ་ལ་འབྱུང་གིས་སྨྲས་པ།ཀྱེ་གྲོགས་པོ་དགྲ་བསྐལ་པའི
340b5 གྲངས་ཀྱིས་ཡེ་ཤེས་ཆེན་པོ་དྲི་རྟོགས་པར་མི་ནུས་ཀྱི།བསྐལ་པ་དཔག་ཏུ་མེད་པར་གོ་ཆ་བགྲོས་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་རྟོགས་པར་ནུས་སོ།།བྱང་ཆུབ་སེམས་དཔའ
340b6 དཔལ་གྱི་སྙིང་པོས་སྨྲས་པ།རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་བདྲག་གི་བདེ་བ་ལ་ཆགས་ཤིང་གནས་པས་ཡེ་ཤེས་ཆེན་པོ་དེ་རྟོགས་པར་མི་ནུས་ཀྱི།བདག་གི་བདེ་བ་ལ་མ་ཆགས་པས
340b7 ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་རྟོགས་པར་མི་ནུས་ཏེ།གང་ཟང་ཟིང་མེད་པ་ལན་དུ་བྱ་བ་མ་ཡིན་པའི་བདེ་བ་དེ་སེམས་ཅན་ཐམས་ཅད་ལ་བསྟབས་སོ་ཞེས་སེམས་ཅན་ཐམས་ཅད་བདེ་ཞིང
iiif viewer powered by OpenSeadragon
340a - 341a