e-texts navigator
Collection
Volume
Page
Wylie

477a1 འཇིག་རྟེན་མཐུན་འཇུག་ཡིན།།ཐུབ་ཆེན་འཇམ་ཤིང་གྲིབ་མ་ལ།།བཞུགས་ཏེ་བསམ་གཏན་མཛད་བསྟན་དང་།།ལོ་དྲུག་བར་དུ་དཀའ་སྤྱོད་པ།།འདི་ནི།།
477a2 འཇིག་རྟེན་མཐུན་འཇུག་ཡིན།།གཉིས་སུ་མེད་པར་ཞིང་འདི་ན།།བྱང་ཆུབ་སྙིང་པོར་བཞུགས་ནས་ནི།།བདུད་འདུལ་རྣམ་པར་སྟོན་མཛད་པ།།འདི་ནི་འཇིག་རྟེན་མཐུན
477a3 འཇུག་ཡིན།།བྱང་ཆུབ་མཚུངས་མིང་སངས་རྒྱས་ཏེ།།ལྷུར་བཅས་འཇིག་རྟེན་སྟོན་ཡིན་ཡང་།།ཐུགས་ལ་ས་ཆུད་དེ་ཉིད་སྟོན་པ།།འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།
477a4 དཔའ་བོ་ཐུགས་རྗེ་རྗེ་ལྡན་པ།།བརྟནྡ་པའི་ཕྱིར་ནི་འདིར་གཤེགས་ལ།།གསལ་བ་འདྲེབས་ལྡག་ཞེས་མཛད་པ།།འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།།རང་བྱུང་རྣམས
477a5 ཀྱི་མཁྱེན་པ་ནི།།ཕྱིར་ཞིང་འཇུག་པ་མི་མངའ་ཡང་།།དེ་དག་དྲན་པ་སྟོན་མཛད་པ།།འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།།རྫོགས་པའི་སངས་རྒྱས་རྣམས་ལ་ནི།།བྱོན
477a6 དང་ཕྲེང་བ་མི་མདོ་ཡང་།།སྣརོན་ཀྱང་བཞུང་པར་རྣམ་སྣང་བ།།འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།།རྒྱལ་བ་རྣམས་ནི་མ་ཥྚ་འདྲ་སྟེ།།ཆོས་རྣམས་ཀུན་ལ་མིགན
477a7 ཀྱང་།།ལྡེང་བ་ལྟར་ཡང་སྣང་བ་ནི།།འདི་ནི་འཇིག་རྟེན་མིཐུན་འཇུག་ཡིན།།ཞབས་ནི་པདྨའི་འདིབ་འདྲ་སྟེ།།དེ་དག་རྡུལ་གྱིས་མི་གོས་ལཾ།།ཞབས་ཀྱང་འཁྲུ་བ་མཛད




iiif viewer powered by OpenSeadragon

476b - 477b

Texts on this page

N185 - 'phags pa 'jig rten kyi rjes su 'thun par 'jug pa zhes bya ba theg pa chen po'i mdo