| | e-texts navigator
|
476b1 སངས་རྒྱས་ཆོས་ཉིད་གང་ཡིན་དང་།།སངས་རྒྱས་སུས་ཀྱང་ཤེས་མྱི་འགྱུར།།འཇིག་རྟེན་ཀུན་ལ་ཕན་བཞེད་པ།།སྐྱོབ་པ་རྫུ་འཕྲུལ་ལྡན་པ་པོ།།རང་བྱུང་སྡིགས་པ་མི་མངའ་བ།
476b2 དེ་དག་གཡོ་བ་བསམ་མི་ཁྱབ།།བདེ་བར་གཤེགས་པ་རྣམས་ཀྱི་སྐུ།།འཁྲིག་པ་ལས་ནི་བྱུང་མིནྡ་ལ།།ཡབ་དང་ཡུམ་ཡང་སྟོན་མཛད་པ།།འདི་ནི་འཇིག་རྟེན་མཐུན་འཇུག།
476b3 ཡིན།།བསྐལ་པ་བྱེ་བ་གྲངས་མེད་ནས།།ཤེས་རབ་ཕ་རོལ་ཕྱིན་ལས་བྱུང་།།འོན་ཀྱང་བྱིས་པ་ཉིད་སྟོན་པ།།འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།།སངས་རྒྱས་འདི་ནི
476b4 དཔག་མེད་དེ།།ཕྱོགས་བཅུ་དག་ཏུ་སྣང་མཛད་ཀྱང་།།འདྲོམ་གང་འོད་དུ་སྟོན་མཛད་པ།།འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།།མི་ཡི་དམ་པ་ནམ་དུ་ཡང་།།ཞབས་གཉིས།
476b5 ས་ལ་མི་རེག་སྟེ།།འོན་ཀྱང་ལམ་སྲང་དེ་སྟོན་པ།།འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།།འདོད་པ་དེ་དག་ནམ་སྨད་དེ།།འདོད་པའི་རྗེས་ལས་ཡང་དག་འཕགས།།འོན་ཀྱང
476b6 སྲས་ལ་སོགས་སྟོན་པ།།འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།།མར་མེ་མཛད་ནས་བཟུང་ནས་སུ།།དེ་བཞི་ནི་གཤེགས་པ་འདོད་ཆགས་བྲལ།།སྒྲ་གཅན་འཛིན་ལ་སྲས
476b7 ཞེས་གསུངས།།འདི་ནི་འཇིག་རྟེན་མཐུན་འཇུག་ཡིན།།ལྷ་དང་འཇིག་རྟེན་བཅས་པ་ཡི།།ང་ནི་མཆོག་ཅེས་བཀའ་སྩལ་པ།།ཕྱིན་ནས་ཆོས་ནི་ཚོལ་མཛད་པ།།འདི་ནི
iiif viewer powered by OpenSeadragon
476a - 477a