e-texts navigator
Collection
Volume
Page
Wylie

161a1 པ་ཐོབ།འཁོར་བ་ལ་ནི་དེ་ཀུན་ཆགས།།རློམས་སེམས་བདུད་ཀྱི་འཆིང་བ་ཡིན།།གང་གིས་བློ་ལ་ངས་ཐོབ་སྙམ།།དེས་ནི་ཅི་ཡང་ཐོད་པ་མེད།།
161a2 དེ་ཡི་ཡང་སྲིད་འགྲོ་བ་ཡི།།མ་རིག་པ་ལའང་འཇུག་པར་འགྱུར།།བྱང་ཆུབ་སྙིང་པོར་འདུག་ནས་ནི།།མཐོང་བ་མེད་ཅིང་སྤངས་པའང་མེད།།སངས་རྒྱས་རྣམས་ཀྱི
161a3 བྱང་ཆུབ་འདི།།ཐ་སྐད་ཡིན་ཏེ་དོན་དུ་མིན།།བྱང་ཆུབ་ད་ནི་མྱ་ངན་འདས།།ཐ་དང་དག་གིས་བརྗོད་མི་ནུས།།གང་དག་དེ་ལྟར་ཡང་དག་མཐོང་།།དེ་དག་ཆོས་ཉིད་རྣམ
161a4 པར་ཤེས།།དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤཱ་རིའི་བུས་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་ཁྱེའུ་རིན་ཆེན་བྱིན་གྱིས་ཡུན་ཇི་སྲིད་ཅིག་ནས་ཆོས་འདི་ལ་སྤྱད
161a5 ལགས།།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།གང་གི་ཚེ་དེ་དེ་བཞིན་གཤེགས་པ་མར་མེ་མཛད་ཀྱིས་ང་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་འགྱུར་བ་ལུང་བསྟན
161a6 པ་དེའི་ཚེ།འདི་མར་མེ་མཛད་ཀྱི་གསུང་རབ་ལ་སྟོང་པ་ཉིད་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་གྱུར་ཏོ།།གང་གི་ཚེ་ངས་བླ་ན་མེད་པ་ཡང་དག
161a7 པར་རྫོགས་པའི་བྱང་ཆུབ་ཏུ་དང་པོ་སེམས་བསྐྱེད་པ་དེའི་ཚེ་འདི་བཟོད་པ་ཐོབ་ནས་བསྐལ་པ་སུམ་འབྲིམ་ལོན་ནོ།།ཤཱ་རིའི་བུས་གསོལ་པ།བཅོམ་ལྡན་འདས་ལྕེ




iiif viewer powered by OpenSeadragon

160b - 161b

Texts on this page

N170 - 'phags pa byang chub sems dpa'i spyod pa bstan pa zhes bya ba theg pa chen po'i mdo