e-texts navigator
Collection
Volume
Page
Wylie

157b1 ཕྱག།ཤིང་བལ་འདབ་ལྟར་རེག་ན་འཇམ།།དེ་ཡི་ཕྱག་གི་སོར་མོ་རིང་།།སྤུ་རྣམས་རེ་རེར་སྐྱེ་ཞིང་ཡར་ཕྱོགས་སྡུག་ལ་འཇམ།།བྲང་གི་ཕེལ་ཀ་ཆེ་ལ་རབ་རྒྱས་ལྕེ་བཟུག།ཕྱལ་དབྱིབས
157b2 གཞུ་འདྲ་བླང་ཆེན་བཞིན་དུ་སྦུབས་སུ་ནུབ།།རྗེ་ངརརུ་ཨེ་ན་ཡཱ་འདྲ་མདངས་དཀར་འདམ་བུའི་སྦུབས།།ལོང་བུ་མི་མངོན་དེ་ཡི་རྟིང་པ་ལེགས་པར་གྲུབ།།དེ་བཞིན་དྲང་སྲོང་སོར་མོ་རིང
157b3 ཞིང་སེན་མོ་དམར།།བདེ་བར་གཤེགས་ཀྱི་ཞབས་ཀྱི་ལོང་བུ་མི་མངོན་ཏེ།།འཁོར་ལོ་ལྕགས་ཀྱུ་བཀྲ་ཤིས་ལྡན་དང་དུང་གྲིས་སྤྲས།།མགོན་པོ་དེ་ཡི་ཞབས་གཉིས་མཉམ་ཞིང་ལེགས
157b4 གནས་དང་།།ཤིང་བལ་བཞིན་དུ་རེག་ན་འཇམ་ཞིང་བཟང་བ་དང་།།མེ་ཏོག་ཨུཏྤལཱ་དམར་པོ་ལེགས་པར་སྐྱེས་པ་ཡི།།ཁ་དོག་འདྲ་བས་ས་གཞི་དག་ལ་གཤེགས་པར་མཛད།།
157b5 དེ་བཞིན་གཤེགས་པ་སེང་གེའི་སྒྲ་སྒྲོགས་བདེ་སྦྱིན་པ།།འགྲོ་བ་རྣམས་ཀྱི་གླཙོ་བོ་དེ་ནི་འདྲིར་གཤེགས་ཏེ།།ཡོང་གིས་འཇིགས་པ་མེད་པར་སེང་གེའི་སྒྲ་སྐད་ཀྱིས།།གཉིས་སུ་མེད
157b6 ཅིང་སྤྲོས་པ་མེད་པའི་ཆོས་ཀྱང་སྟོན།།དེ་ནས་ཁྱོའུ་རིན་ཆེན་བྱིན་གྱིས་བདག་གི་མ་མ་ལྔ་འདི་སྐད་ཅེས་སྨྲས་སོ།།མ་མ་བདག་སྐར་ཁུང་འདིར་ཞོག་ཅིག་དང་།དེ་བཞིན་གཤེགས་པ་བལྟའོ།།
157b7 དེ་ནས་མ་མ་དེས་ཁྱེའུ་རིན་ཆེན་བྱིན་སྐར་ཁུང་དུ་བཞག་གོ།དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱེའུ་རིན་ཆེན་བྱིན་གྱི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་སྲང་དེ་ཁོ་ནར་གཤེགས




iiif viewer powered by OpenSeadragon

157a - 158a

Texts on this page

N170 - 'phags pa byang chub sems dpa'i spyod pa bstan pa zhes bya ba theg pa chen po'i mdo