| | e-texts navigator
|
156b1 སྤྱན་མཛེས་པ།།མེ་ཏོག་ཨུཏྤལ་སྔོན་པོ་འདྲ།།བ་ཡི་རྫི་མ་ཡོངས་སུ་དག།མི་དམར་མ་འཛིངས་ཞི་བར་གཟིགས།།དཔལ་ལྡན་སེང་གེའི་འགྲམ་པ་འདྲ།།དེ་ནི་རྟག་ཏུ་ཞལ་ཡང་།།
156b2 འཛུམ།།སྒྲོས་ནི་བིམ་པ་བཞིན་དུ་དམར།།ཞལ་མཛེས་ལུས་ཅན་ཀུན་འདྲེན་པ།།མཐུ་སྟོབས་ཆེན་པོ་ཕུན་སུམ་ཚོགས།།བསོད་ནམས་བརྒྱ་ཡི་སྟོབས་མངའ་བ།།ཚེམས
156b3 ཀྱི་ཕྲེང་བ་སྲ་བའི་འོད།།སྙོམས་ཤིང་ཐགས་བཟང་ཡོངས་སུ་དག།དེ་ཡི་ཚེམས་ནི་ཤིན་ཏུ་དཀར།།ལྗགས་ནི་ཤིན་ཏུ་རིང་ཞིང་སྲག།།བདག་ཉིད་ཀྱི་ནི་ཞལ་གྱི་རོས།།དེ་ཡིས
156b4 ཀུན་ཏུ་ཁྱབ་པར་གནས།།དཔལ་ལྡན་དབུ་ནི་གདུགས་དང་འདྲ།།དེ་བཞིན་དེ་ནི་ཤངས་ཀྱང་མཐོ།།མདག་ནི་བཙོ་མོའི་གསེར་དང་འདྲ།།དེ་ཡི་ཞལ་གྱི་དཔྲལ་བ་མཛེས།།དེ་ཡི
156b5 ཞལ་གྱི་སྨིན་ཚུགས་ནི།།ཁ་དོག་མཐོན་མཐིང་ཤིན་ཏུ་སྡུག།ཞི་བའི་སྤྱན་ནི་མཛེས་པ་སྟེ།།སྙན་གྱི་དྲུང་དུ་ཐུག་པར་གནས།།སྙན་ཤལ་རིང་ལྔ་རབ་ཏུ་འཕྱང་།།ཞལ་མཛེས
156b6 སྟོན་གྱི་ཟླ་བས་ལྷག།ཞལ་རས་པདྨ་རྣམ་དག་འདྲ།།ཞལ་མདངས་དཀར་ལ་དྲང་ཞིང་གསལ།།བརྟན་པོ་ཆིངས་པའི་སྒྲ་སྐད་ལྡན།།དེ་གསུང་ཀ་ལ་པིངྒ་འདྲ།།དེ་ཡི་གསུང་བཟང
156b7 ཡིད་དུ་འོང་།།འཇམ་ཞིང་སེམས་ཅིན་ཚིམ་པར་བྱེད།།རྨ་བྱ་ངང་པ་མི་འམ་ཅི།།ནེ་ཙོ་རི་སྐེགས་ཁུ་བྱུག་དང་།།འབྲུག་སྒྲ་ཁྲུང་ཁྲུང་ཀུན་ལ།།ཤང་ཤང་ཏེའུ་དང་གླིང་བུ་དང་།།
iiif viewer powered by OpenSeadragon
156a - 157a