e-texts navigator
Collection
Volume
Page
Wylie

9b1 ལ་སོགས་པ་ཇི་ལྟར་བལྟ་བར་བགྱི།ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ།སྒྱུ་མ་དང་།རྨི་ལམ་དང་།མིག་འཕྲུལ་དང་འདྲ་བ་ཡིན་ནོ།།མཱུ་སྟེགས་པ་རྣམས་ཀྱིས་སྨྲས་པ།སྒྱུ་མ་ནི
9b2 ཇི་ལྟ་བུ་ལགས།རྨི་ལམ་དང་།མིག་འཕྲུལ་ནི་ཇི་ལྟ་བུ་ལགས།ཐེག་པ་ཆེན་པོ་པ་རྣམས་ཀྱིས་སྨྲས་པ།སྒྱུ་མ་ནི་མཚོན་པ་ཙམ་མོ།།རྨི་ལམ་ནི་སོ་སོར་སྣང་བ་ཙམ་སྟྭཾ།གཟུང་བར
9b3 བྱ་བ་མ་ཡིན་ཞིང་རང་བཞིན་གྱིས་སྟོང་པ།ཡོད་པ་མ་ཡིན་པའི་ངོ་བོ་ཉིད་དོ།།མིག་འཕྲུལ་ནི་བཅིས་མ་ཙམ་དུ་དགོས་པའོ།།གྲོགས་པོ་དག་དེ་དེ་བཞིན་དེ།དངོས་པོ་ཇི་སྙེད་པ
9b4 ཐམས་ཅད་ནི་སྒྱུ་མ་དང་།རྨི་ལམ་དང་།མིག་འཕྲུལ་དང་འདྲ་བར་ཤེས་པར་བྱའོ།།གཞན་ཡང་ཀུན་རྫོབ་དང་།དོན་དམ་པ་དག་བསྟན་པར་བྱ་སྟེ།དེ་ལ་ཀུན་རྫོབ་ཅེས་བྱ་བ་ནི
9b5 འདི་ནི་དེ་དག་གོ།འདི་ནི་གཞན་ནོ་ཞེས་བྱ་བ་དང་།སྲོག་དང་།སྐྱེས་བུ་དང་།གང་ཟག་དང་།བྱེད་པ་པོ་དང་།ཚོར་བ་པོ་དང་།ནོར་དང་།བུ་དང་།ཆུང་མ་དང་།མཛའ་བཤེས
9b6 དང་།ཉེ་དུ་ལ་སོགས་པར་རྟོག་པ་དེ་ནི་ཀུན་རྫོབ་ཅེས་བྱའོ།།གང་ལ་བདག་མེད་པ་དང་།གཞན་མེད་པ་དང་།སྲོག་མེད་པ་དང་།སྐྱེས་བུ་མེད་པ་དང་།གང་ཟག་མེད་པ་དང་།
9b7 བྱེད་པ་པོ་མེད་པ་དང་།ཚོར་བ་པོ་མེད་པ་དང་།ནོར་མེད་པ་དང་།བུ་མེད་པ་དང་།ཆུང་མ་མེད་པ་དང་།མཛའ་བ་ཤེས་མེད་པ་དང་།ཉེ་དུ་ལ་སོགས་པ་མེད་པ་དེ་ནི་དོན་དམ་པ




iiif viewer powered by OpenSeadragon

9a - 10a

Texts on this page

N159 - 'phags pa bdag med pa dris pa zhes bya ba theg pa chen po'i mdo