| | e-texts navigator
|
21a1 དག་པའི་ཡེ་ཤེས་ཀྱི་སྟོབས་དང་།མཚན་ཉིད་གཅིག་པ་དང་མཚན་ཉིད་མེད་པ་རྣམ་པར་དག་དུའི་ཡེ་ཤེས་ཀྱི་སྟོབས་དང་།དོན་དམ་པ་དང་ཀུན་རྫོབ་རྣམ་པར་དག
21a2 པའི་ཡེ་ཤེས་ཀྱི་སྟོབས་སོ།།འཇིག་རྟེན་འཛིན་དེ་དག་ནི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་རྣམ་པ་ལྔ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་མྱུར་དུ་ཡོན་ཏན
21a3 གོང་མ་རྣམས་རྫོགས་པ་ཡིན་ནོ།།འཇིག་རྟེན་འཛིན་དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དེ་དག་བསྒོམ་པོ་ལ་ཤིན་ཏུ
21a4 བརྩོན་པར་བྱའོ།།འཇིག་རྟེན་འཛིན་ཆོས་རྣམ་པ་གསུམ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ལ་བརྩོན་པར་འགྱུར་རོ།།
21a5 གསུམ་གང་ཞེ་ན།མོས་པ་དང་།བརྩོན་འགྲུས་དང་།བགེ་བྱེད་པའོ།།ཚྭས་རྣམ་པ་འདི་གསུམ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཏན་ཐམས་ཅད
21a6 རྫོགས་པའི་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ལ་བརྩོན་པ་ཡིན་ནོ།།དེ་ནིའི་ཕྱིར་ཞེ་ན།འཇིག་རྟེན་འཛིན་མོས་པ་དང་།བརྩོན་འགྲུས་དང་།བཀྲུ་བྱེད་པ་ནི་ཆོས་ཐམས་ཅད་ཀྱི
21a7 ཡིན་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་ལ་ནན་ཏན་བྱེད་པ་ནི་མྱུར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་འགྱུར་ཏེ།བརྩོན
iiif viewer powered by OpenSeadragon
20b - 21b