| | e-texts navigator
|
20b1 །ལྔ་དང་ཞེན།ལྷག་པའི་བརྩོན་འགྲུས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོང་ས་དང་།བརྩོན་འགྲུས་ལེན་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་།བསམ་གཏན་རྣམ་པར་དག་པའི་ཡེ་ཤེས་ཀྱི
20b2 སྟོབས་དང་།བསམ་གཏན་གྱི་ཐབས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་།ཞི་གནས་དང་ལྷག་མཐོང་གིཟེབས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྔའོ།།འཇིག་རྟེན་འཛིན
20b3 གཞན་ཡང་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་རྣམ་པ་ལྔ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཏན་གོང་མ་རྣམས་རྫོགས་པར་འགྱུར་རོ།།ལྔ་གང་ནི
20b4 ན།ཤེས་རབ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་།མང་དུ་ཐོས་པོའི་ངེས་པར་སྦྱོར་བ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་།འཇིག་རྟེན་དང་འཇིག་རྟེན་ལས་འདའ་བུ་རྣམ
20b5 པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་།ཤེས་རབ་དང་ཐབས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་།འདུས་བྱས་དང་འདུས་མ་བྱས་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་ལྔའོ།།
20b6 འཇིག་རྟེན་འཛིན་གཞན་ཡང་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་རྣམ་པ་ལྔ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཡོན་ཏན་གང་མ་རྣམས་རྫོགས་པར་འགྱུར་རོ།།
20b7 ལྔ་གང་ཞེ་ན།ཐབས་ལ་རྟོག་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་།རིག་པ་དང་།རྣམ་པར་གྲོལ་བ་རྣམ་པར་དག་པའི་ཡེ་ཤེས་ཀྱི་སྟོབས་དང་།མ་སྐྱེས་པའི་མཚན་ཉིད་རྣམ་པར
iiif viewer powered by OpenSeadragon
20a - 21a