| | e-texts navigator
|
18b1 པ་བན་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་ཤེས་རབ་ལ་རྒྱུན་ཏུ་ན་བྱེད་པར་འགྱུར་རོ།།བཞི
18b2 གང་ཞེ་ན།བཀྲི་བའི་དོན་གྱི་མདོ་སྡེ་ལ་ཤིན་ཏུ་མཁས་པ་དང་།ངེས་པའི་དོན་གྱི་མདོ་སྡེའི་ཚིག་གི་རྗེས་སུ་མི་འབྲང་བ་དང་།ཆོས་ཐམས་ཅད་ཀྱི་མཚན་ཉིད་ཀྱི་རྒྱུ་ལ་ཤིན་ཏུ་མ་བྱས་པ་དང་།
18b3 ཆོས་ཐམས་ཅད་ཀྱི་མཚན་མ་མེད་པའི་ཡེ་ཤེས་ལ་བདེ་བར་གནས་པ་སྟེ།འཇིག་རྟེན་འཛིན་འདི་དག་ནི་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་རྒྱས
18b4 ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར་འབྱེད་པ་ལ་མཁས་ཤིང་ཤེས་རབ་ལ་ནན་ཏན་བྱེད་པ་ཡིན་ནོ།།འཇིག་རྟེན་འཛིན་ཆོས་བཞི་དང་ལྗོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
18b5 རྣམས་ལུས་འདི་བོར་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྒྱུན་མི་འཆད་པའི་དྲན་པ་དང་ལྡན་པར་འགྱུར་རོ།།བཞི་གང་ཞེ་ན།དགེ་བ་དང་མི་དགེ་བའི་ཆོས་ལ་ཤིན
18b6 ཏུ་རྟོགས་པ་དང་།དྲན་པ་དང་།ཤེས་རབ་ཕུལ་དུ་གྱུར་པ་དང་།སེམས་ཀྱི་སྐྱོབ་པ་ལྔ་ཡོངས་སུ་སྤངས་པ་དང་།ནམ་དུའང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་དྲན་པ
18b7 མཉམས་པ་དང་བཞིའོ།།འཇིག་རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལུས་འདི་བོར་ནས་ནམ་བླ་ནི་མེ་འི་ཡང་དགེ
iiif viewer powered by OpenSeadragon
18a - 19a