e-texts navigator
Collection
Volume
Page
Wylie

14b1 མཚན་ཉིད་ཤེས་པ་དང་མདོང་བར་བྱ་བ་དང་བཞིའོ།།འཇིག་རྟེན་འཛིན་གཞན་ཡང་དོན་རྣམ་པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན།
14b2 ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་།ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པར་འགྱུར་རོ།།བཞི་གང་ཞེ་ན།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང
14b3 ཆུབ་ལ་བསྙེན་པར་བྱ་བ་དང་།།བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་མྱུར་དུ་ཡོངས་སུ་རྫོགས་པར་བྱ་བ་དང་།ཆོས་རྣམས་ཀྱི་ཐབས་ལ་ཤིན་ཏུ་མཁས་པས།གཞན་གྱི་དྲན་ལ་མི
14b4 འཇོག་པར་བྱ་བ་དང་།ཡེ་ཤེས་དང་ཤེས་རབ་ཐམས་ཅད་ལ་ཤིན་ཏུ་མཁས་པར་བྱེ་བའོ།།འཇིག་རྟེན་འཛིན་འདི་དག་ན་དོན་རྣམ་པ་བཞི་མཐོང་བའི་བྱང་ཆུབ་སེམས་དཔའ་སེམས
14b5 དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པ་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་།ཆོས་རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མཁས་པ་ཡིན་ནོ།།འཇིག
14b6 རྟེན་འཛིན་གཞན་ཡང་ཆོས་རྣམ་པ་བཞི་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལ་བརྩོན་ཞིང་ནན་ཏན་བྱེད་པ་དང་།ཆོས
14b7 རྣམས་ཀྱི་མཚན་ཉིད་རྣམ་པར་འབྱེད་པ་ལ་ཤིན་ཏུ་མོཁས་པར་འགྱུར་རོ།།བཞི་གང་ཞེ་ན།སེམས་ཅན་ལ་ལེན་པ་དང་།བདེ་བའི་ཕྱིར་སེམས་ལ་སེར་སྣའི་དྲི་མ་མེད་པ་དང་།རྟག




iiif viewer powered by OpenSeadragon

14a - 15a

Texts on this page

N160 - 'phags pa 'jig rten 'dzin gyis yongs su dris pa zhes bya ba'i mdo