| | e-texts navigator
|
12b1 བཅོམ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།།བཅོམ་ལྡན་འདས་བདག་སྐྱེ་བྲོ་མང་པོ་ལ་ཕན་པ་དང་།བདེ་བའི་སླད
12b2 དུ།བྱང་ཆུབ་སེམས་དཔའ་སེམས་དཔའ་ཚན་པོ་རྣམས་སངས་རྒྱས་ཀྱི་གདུང་མི་གཅོད་པར་འགྱུར་བ་དང་།སྤྱོད་ལྡེམ་ཀུན་ཏུ་ཚུལ་ཁྲིམས་ལ་མཱ་ཆགས་ཤིང་།ཚུལ་ཁྲིམས
12b3 རྣམ་པར་དག་པ་དང་ལྡན་པ་དང་།ཆེས་ཆེན་པོ་ལ་ནན་ཏན་བྱེད་ཅིང་འཕགས་པའི་ཆོས་ཀྱི་སྤྱོད་ཡུལ་ཚད་མྱེད་པ་འཛིན་པ་ལ་ཤིན་ཏུ་མཁས་པའི་བྱང་ཆུབ་སེམས་དཔའ་རྣམས
12b4 ཀྱི་སླང་དུ་བདག་ཞུ་བ་ཞུའོ།།བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཆོས་རྣམས་ཀྱི་ཡང་དག་པའི་མཚན་ཉིད་ལོ་ཤིན་ཏུ་མཁས་པ་ལགས།།
12b5 ཇི་ལྟར་ནི་ཆོས་རྣམས་ཀྱི་མཚན་ཉིད་ཤིན་ཏུ་རྣམ་པར་འབྱེད་པ་ལ་མཁས་པ་ལགས།ཇི་ལྟར་ན་དྲན་པའི་མཐུ་དང་ལྡན་པ་ལགས།ཇི་ལྟར་ན་ཆོས་ཐམས་ཅད་ཀྱི་རྣམ་གྲངས་རྣམ་པར
12b6 འབྱེད་པ་ལ་མཁས་པའི་ཤེས་རབ་དང་ལྡན་པ་ལགས།ཇི་ལྟར་ན་ལུས་འདི་བོར་ནས་ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་རྒྱུན་མི་འཆད་པའི་དྲན་པ་དང
12b7 ལྡན་པ་ལགས།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འཇིག་རྟེན་འཛིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།ལེགས་སོ་ལེགས་སོ།།
iiif viewer powered by OpenSeadragon
12a - 13a