e-texts navigator
Collection
Volume
Page
Wylie

311b1 གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ།གང་དེ་ཤེསུ་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ།།མིང་དང་གཟུགས་དང་མིང་དང་གཟུགས་མེད་པ་དེ་ནི་གཉིས་སུ།།
311b2 མེད་ཅིང་གཉིས་སུ་དབྱེར་མེད་དེ།ད་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ།།སྐྱེ་མཆེད་དྲུག་དང་སྐྱེ་མཆེད་དྲུག་མེ་དྲ་བ་དེ་ནི་གཉིས་སུ་མེད་ཅིང
311b3 གཉིས་སུ་དབྱེར་མེད་དོ།གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པའོ།།རེག་པ་དང་རེག་པོ་མེད་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ།གང་དེ
311b4 ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ།།ཚོར་བ་དང་ཚོ་ར་བ་མེད་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ།གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར
311b5 འབྱུང་བ་ཤེས་པའོ།།སྲེད་པ་དང་སྲེད་པ་མེད་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ།གང་དེ་ཤེས་པོ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ།།ལེན་པ
311b6 དང་ལེན་བ་མེད་པ་དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ།བཱང་དེ་ཤེས་པོ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པའོ།།སྲིད་པ་དང་ཉིང་མཚམས་མི་སྦྱོར་བ
311b7 དེ་ནི་གཉིས་སུ་མེད་ཅིང་གཉིས་སུ་དབྱེར་མེད་དེ།གོང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པའོ།།སྐྱེ་བ་དང་སྐྱེ་བ་མེད་པ་དེ་ནི་གཉིས་སུ་མེད་ཅིང་གཉིས




iiif viewer powered by OpenSeadragon

311a - 312a

Texts on this page

N153 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo