| | e-texts navigator
|
311a1 བརྟེན་ཅིང་འབྲེལ་པར་འབྱུང་བའང་དེ་དང་ན་ཉམ།མཚན་མ་མེད་བ་གང་དང་མཉམ་པ་རྟེན་ཅིང་འབྲེལ་པར་འབྱུང་བ་དེའང་དེ་དང་མཉམ།སྔོན
311a2 བ་མེད་པ་གང་དང་མཉམ་པ་རྟེན་ཅིང་འབྲེལ་པར་འབྱུང་བའང་དེ་དང་མཉམ་མོ།།མཉམ་པ་དེ་ཉིད་གང་གིས་དེ་བཞིན་གཤིགས་པས་ཆོས་ཐམས་ཅད་མངོན་དིར
311a3 རྫོགས་པར་སངས་རྒྱས་པ་དེ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་མཉམ་མོ།།རྟེན་ཅིང་འབྲེལ་པར་འབྱུང་བ་གང་མཉམ་པ་དེ་ལ་བདག་སྐྱེ་བ་མེད།སེམས་ཅན་སྐྱེ
311a4 བ་མེད།སྲོག་སྐྱེ་བ་མེད།གང་ཟག་སྐྱེ་བ་མེད་ལ་ཆོས་གང་ཡང་སྐྱེ་བ་མྱེད་དེ།དོ་བས་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ།།རྟེན་ཅིང་འབྲེལ་པར་འབྱུང་བ
311a5 ནི་འབྱུང་བ་མེད་པར་བལྟ་བར་བྱ་སྟེ།གང་འབྱུང་བ་མེད་པར་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཤིས་པ་ཡིན་མོད་ཀྱི་ཡང་མ་རིག་པ་དང་།རེག་པ་དེ་གཉིས
311a6 སུ་མིད་ཅིང་གཉིས་སུ་དབྱེར་མོད་དེ།གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ།།འདུ་བྱེད་དང་།འདུ་བྱེད་མ་ཡིན་པ་དེ་དག་གཉིས་སུ
311a7 མེད་ཅིང་གཉིས་སུ་དབྱེར་མེད་དེ།གང་དེ་ཤེས་པ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པའོ།།རྣམ་པར་ཤེས་པ་དང་།རྣམ་པར་ཤེས་པ་མ་ཡིན་པ་དེ་ནི
iiif viewer powered by OpenSeadragon
310b - 311b