| | e-texts navigator
|
309a1 འཕྲུལ་པའི་རྒྱལ་པོ་གཟུགས་ཀྱི་ཁམས་རྣམས་ལྔ་དེ་ལྟར་གཞན་གྱི་དྲིང་ལ་མི་འཇོག་པར་ཤེས་པ་གང་ཡིན་པ་དེ་ནི་ཁམས་ཞེས་བྱའོ།།རྣམ་པར་འཕྲུལ
309a2 བའི་རྒྱལ་པོ་དེ་ལ་སྐྱེ་མཆིད་ཤེས་པ་གང་ཞེ་ན།མིག་ནི་རང་བཞིན་ལྔས་མ་སྐྱེས་ཤིང་མ་བྱུང་བ་སྟེ།དེ་ལ་བྱེད་པ་པོ་གང་ཡང་མེད་དོ།།རྣམ་པར་འཕྲུལ་པའི་རྒྱལ
309a3 པོ་དེ་བཞིན་དུ་རྣ་བོ་དང་།སྣ་དང་།ལྕེ་དང་།།ལུས་དང་།ཡིད་ཀྱང་རློང་བཞིན་ལ་སྔ་མ་སྐྱེས་ཤིང་མ་བྱུང་བ་སྟེ།དེ་ལ་བྱེད་པ་པོ་གང་ཡང་མེད་དོ།།རྣམ་པར
309a4 འཕྲུལ་པའི་རྒྱལ་པོ་མིག་ནི་བདག་པོ་མེད་པ་སྟེ།དེ་ལ་ལྟ་བ་པོ་གང་ཡང་མེད་དོ།།རྣ་བ་ནི་བདག་པོ་མེད་པ་སྟེ།དེ་ལ་ཉན་པ་པོ་གང་ཡང་མེད་དོ།།སྣ་ནི་བདག་པོ་མེད
309a5 པ་སྟེ།དེ་ལ་སྣོམ་པ་པོ་གྲང་ཡང་མེད་དོ།།ལྕེ་ལ་བདག་པོ་མེད་པ་སྟེ།དེ་ལ་མྱོང་བ་པོ་གང་ཡང་མེད་དོ།།ལུས་ནི་བདག་པོ་མེད་པ་སྟེ།དེ་ལ་རེག་པ་པོ་གང
309a6 ཡང་མེད་དོ།།ཡིད་ནི་བདག་པོ་མེད་པ་སྟེ།དེ་ལ་ཤེས་པ་པོ་གྲང་ཡང་མེད་དོ།།རྣམ་པར་འཕྲུལ་པའི་རྒྱལ་པོ་མིག་གི་རང་བཞིན་གཟུགས་མི་མཐོང་།།རྣ་བའི
309a7 རང་བཞིན་སྣ་མི་ཉན།སྣའི་རང་བཞིན་དྲི་མོ་སྣོམ།ལྕེའི་རང་བཞིན་རོ་མྱོང་བར་མི་བྱེད།ལུས་ཀྱི་རང་བཞིན་རེག་བྱ་ལ་རེག་པར་མི་བྱེད།ཡིད་ཀྱི་རང་བཞིན་ཆོས
iiif viewer powered by OpenSeadragon
308b - 309b