| | e-texts navigator
|
307b1 ས་དང་།ཚུལ་ཁྲིམས་དང་།བཟོད་པ་དང་།བརྩོན་འགྲུས་དང་།བསམ་གཏན་དང་།ཤེས་རབ་ཡོངས་སུ་བསྔོ་བ་དང་།བདུད་ཚར་གཅོད་པ་དང་།དག་པའི
307b2 རྩ་བ་ལ་སྦྱོར་བ་མངོན་པར་ཤེས་པ་གང་ཡིན་པ་དེ་ནི་མངོན་པར་ཤེས་པ་ཞེས་བྱའོ།།རྣམ་པར་འཕྲུལ་པའི་རྒྱལ་པོ་གཞན་ཡང་བྱང་ཆུབ་སེམས་དཔའ་མངོན་པར་ཤེས
307b3 བ་ཐོབ་པ་ནི་གཟུགས་དང་།ཁ་དོག་དང་།གཟི་བརྗིད་དང་།སྙན་པ་དང་།བྲགས་པ་དང་།སྟོངས་དང་།རིགས་དང་།རུས་དང་།ནོར་དང་།གཡོག
307b4 འཁོར་རྣམས་ཀྱིས་མངོན་པར་ཤེས་པར་འགྱུར་ཏེ།དེའི་ཕྱིར་མངོན་པར་ཤེས་པ་ཞེས་བྱའོ།།རྣམ་པར་འཕྲུལ་པའི་རྒྱལ་པོ་གཞན་ཡང་མངོན་པར་ཤེས་པ་ཐོབ་པའི་བྱང
307b5 ཆུབ་སེམས་དཔའ་ལྷ་དང་།ཀླུ་དང་།གནོད་སྦྱིན་དང་།དྲི་ཟ་དང་།ལྷ་མ་ཡིན་དང་།ནམ་མཁའ་ལྡིང་དང་།མི་འམ་ཅི་དང་།ལྟོ་འཕྱེ་ཆེན་པོ་དང་།མི་དང
307b6 མི་མ་ཡིན་པ་རྣམས་དང་།པརྒྱ་བྱིན་དང་།ཚངས་པ་དང་།འཇིག་རྟེན་སྐྱོང་བ་རྣམས་དང་།དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
307b7 རྒྱས་རྣམས་ཀྱིས་མངོན་པར་ཤེས་པར་འབྱུང་ཏེ།དེ་བསེ་ན་མངོན་པར་ཤེསོ་བ་ཞེས་བྱའོ།།རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ནི་མངོན་པར་ཤེས་པ་ཞེས་བྱ་སྟེ།མངོན
iiif viewer powered by OpenSeadragon
307a - 308a