| | e-texts navigator
|
306b1 རྒྱས་ཀྱི་ཞིང་དེ་དག་ཀྱང་སྣང་བར་བྱས་ནས་ཆོས་སྟོན་ཏོ།།རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་གལ་ཏེ་དེ་བཞིན་གཤེགས་པའི་སྤྱན་སྔར་འདུག་པར་གྱུར་ལ།
306b2 འདོད་ན་དེ་བཞིན་གཤེགས་བློ་ལ་མཆོད་པའི་ལུས་བྱ་བའི་ཕྱིར་མེ་ཏིག་གི་པུར་མ་རྀ་རབ་ལྟ་བུ་དག་དེ་བཞིན་གྲ་ཤོགས་པའི་སྐུ་ལ་འཐར་ཞིང་མཻ་ཏག་གི་ཕུར་མ་དེ་དག་གཏོར་མ
306b3 ཐག་ཏུ་དེ་བཞིན་གཤེགས་པའི་སྔའི་ནང་ནུ་སྣང་ངོ་།།སྟོང་གསུམ་གྱི་སྟོང་ཆེན་བློའི་འཇིག་རྟེན་གྱི་ཁམས་འདི་ན་ཤིང་ངམ།རྩ་གང་དག་ཡོད་པ་དེ་དག་ཐམས་ཅད་དེ་བཞིན
306b4 གཤེགས་པ་ལ་མཆོད་པའི་ལས་བྱ་བའི་བྱི་རི་མཱར་མེ་དང་།ཡིན་ཆབ་དུ་བྱིན་གྱིས་རློབས་ཏེ།དེ་དག་ཀྱང་འབར་ཞིང་མར་མེ་དང་།ཡོན་ཆདབ་ཀྱི་ཆར་འབབ་པར་སྣང་ངོ་།
306b5 སེམས་ཅན་ཐམས་ཅད་ཀྱི་མདུན་ན་འོང་དྲ་དོག་གི་ལུས་ཉེ་བར་སྟོན་ཏེ།བརྒྱ་བྱིན་དུ་སྟེན་པ་འམ།ཚངས་པར་སྟོན་པའམ།ཉན་ཐོས་སུ་སྟོན་པ་འམ།རང་སངས་རྒྱས་སུ
306b6 སྟོན་པ་འམ།སངས་རྒྱས་སུ་སྔོན་དུ་ཇི་ལྟར་མོས་པའི་གཟུགས་སུ་སྟོན་ཏོ།།རྣམ་པར་འཕྲུལ་བའི་རྒྱལ་པོ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མངོན་པར་ཤེས་པའི་རྣམ་པར
306b7 འཕྲུལ་པ་སྟེ།འདི་ལྟ་སྟེ།ལྷའི་མིག་གཟུགས་ལྟ་བ་འི་ཐེགསེ་པ་མེད་པ་དང་།ལྷ་རྣ་བསྒྲ་ཉན་པ་ལ་སྒྲིབ་པ་མེད་པ་དང་།སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་སྤྱོད
iiif viewer powered by OpenSeadragon
306a - 307a