e-texts navigator
Collection
Volume
Page
Wylie

305b1 མིག་བྱིན་ཏེ།མིག་དང་ལྡན་པར་གྱུར་པ་ལ་ཆོས་སྟོན།སེམས་ཅན་གྲང་དག་རྣ་བ་དང་བྲལ་ཞིང་འོན་པར་གྱུར་ལ་དེ་དག་ལ་ནི་རྫུ་འཕྲུལ་གྱི་མཐུས་རྣ་བ་དང་ལྡན་པར་བྱས
305b2 ཏེ་དེ་དོག་ལ་ཆོས་སྟོན།སེམས་ཅན་གང་དག་ནད་སྣ་ཚོགས་ཀྱིས་གཟིར་བ་དེ་དག་ལ་ནི་ནད་མེད་པར་བྱས་ནས་ནད་དང་བྲལ་བ་རྣམས་ལ་ཆོས་སྟོན།སེམས་ཅན་གང
305b3 དྲག་གསོད་དུ་སྲེད་ཅིང་སྲོག་གི་བར་ཆད་དུ་གྱུར་པ་དེ་དག་གི་ཕྱིར་ནི་རྫུ་འཕྲུལ་གྱིས་མཐུས་དྲི་དང་འདྲ་བ་གཞོན་དག་སྤྲུལ་ཏེ་བསམ་ནས་དེ་དག་ཐར་བར་བྱས་ཏེ་སྲོག་གི་དབུགས
305b4 བྱིན་པར་གྱུར་པ་རྣམས་ལ་ཆོས་སྟོན།སེམས་ཅན་ཡན་ལོག་དང་ཉིང་ལག་ཉམས་ཤིང་དབང་པོ་དང་བྲལ་ལ་མི་སྡུག་པ།མི་འཇིག་པ་མེད་པ།སེམས་རང་གི་ལུས
305b5 ལ་ཞུམ་པ་དེ་དག་ལ་རྫུ་བཕྲུལ་གྱི་མཐུས་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པར་བྱས་པའི་འོག་ཏུ་གཟུགས་བཟང་པོ་ཅན་ལ་ཆོས་སྟོན།སེམས་ཅན་མངལ་གྱི་གནས
305b6 ནཱ་ང་འོད་པ་བླུན་ཞིང་མི་གཙང་བའི་སྙིང་པོས་འཚེ་བ་དག་ཀྱང་རྫུ་འཕྲུལ་གྱིས་མཐུས་བཏུལ་ཏོ།མངལ་ཉིད་དུ་རིན་པོ་ཆེ་བཀོད་པའི་ཁང་པ་བརྩེགས་པར་འདུག་ནས་དེ་དག་གི
305b7 ཡིད་ཀྱི་བློ་བསྐྱེད་དེ་དེ་དག་ལ་ཆོས་སྟོན།བཅས་ཏེ་དབང་པོ་ཡོངས་སུ་མ་སྨིན་པ་རྣམས་ཀྱང་རྫུ་འཕྲུལ་གྱིས་མཐུས་ངག་གི་ལས་ཀྱི་རྣམ་པར་རིག་བྱེད་ཀྱིས་བྱིས་པ་རྣམས་ལ་ཆོས




iiif viewer powered by OpenSeadragon

305a - 306a

Texts on this page

N153 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo