| | e-texts navigator
|
303a1 པསྟོང་བྲལ་འདི་སྙེད་གཅིག་ཏུ་འཁོར་བར་གྱུར་པ་དེ་ཡང་དག་པར་མ་ཡིན་ཞིང་མེད་པའོ།།འབྱུང་བ་ཆེན་པོ་རྣམས་ནི་མེད་པས་གང་ནས་འབྱུང་བ་ཆེན
303a2 བོ་རྣམས་མི་སྲིད་པའི་སེམས་ཅན་ཐམས་ཅད་ཀྱི་འཁོར་བའང་དེ་བཞིན་ཏེ།ཡང་དག་པར་མ་ཡིན་ཞིང་མེད་པའོ་སྙམ་དུ་མི་སེམས་སོ།།རྣམ་པར་འཕྲུལ་པའི་རྒྱལ
303a3 བྱང་ཆུབ་སེམས་དཔའ་དེ་སྔོན་གྱི་གནས་རྗེས་སུ་དྲན་པ་དེ་འབྱུང་བ་རྣམས་དང་།འདུ་བྱེད་རྣམས་མི་རྟག་པ་ཉིད་དུ་མཐོང་སྟེ།དེ་ཅིའི་ཕྱིར་ཞེ་ན།དེ་ནི་འཁོར་ལོས
303a4 སྦྱོར་བའི་བདེ་བ་རྗེས་སུ་དྲན་པ་དེའདྲ་མི་རྟག་པ་དང་འགྱུར་བའི་ཆོས་ཅན་ཡིན།བརྒྱ་བྱིན་གྱི་བདེ་བ་རྗེས་སུ་དྲན་ལ་དེའང་མི་རྟག་པཱ་དང་འགྱུར་བའི་ཆོས་ཅན་ཡིན།ཚངས
303a5 དྲོའི་བདེ་བ་རྗེས་སུ་དྲན་ལ་དེའང་མི་རྟག་པ་དང་འགྱུར་བའི་ཆོས་ཅན་ཡིན་ནོ།།སྔོན་གྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཞིང་གི་ཡོན་ཏན་བཀོད་པ་དང་།ཉན་ཐོས
303a6 ཀྱི་ཡོན་ཏན་བཀོད་པ་དང་།བྱང་ཆུབ་སེམས་དཔའི་ཡོན་ཏན་བཀོད་པ་ཉེ་བར་སྤྱོད་པ་དང་།ཡོངས་སུ་སྤྱོད་པ་རྗེས་སུ་དྲན་ཞིང་སངས་རྒྱས་བཅོམ་ལྡན་འདས་དེ་དང
303a7 གི་གཟུགས་ཀྱི་སྐུ་ཕུན་སུམ་ཚོ་གོས་པ་དང་།ཆོས་ཀྱི་འཁོར་ལོ་བསྐོར་བ་ཕུན་སུམ་ཚོགས་པའང་རྗེས་སུ་དྲན་ནོ།།དེ་དེ་ལྟར་རྗེས་སུ་དྲན་པ་ནི་འདྲེས་བྱས་ཀྱི་དངོས
iiif viewer powered by OpenSeadragon
302b - 303b