| | e-texts navigator
|
302a1 འདི་དག་གྲི་རྒྱུ་ནི་ཉན་ཐོས་ཀྱི་རེག་པ།སེམས་ཅན་འདི་དག་གི་རྒྱུ་ནི་རང་སངས་རྒྱས་ཀྱི་ཐེག་པ།སེམས་ཅན་འདི་དག་གི་རྒྱུ་ནི་ཐེག་པ་ཆེན་པོའོ་ཞེས་དེ
302a2 སེམས་ཅན་རྣམས་ཀྱི་སྔོན་གྱི་རྒྱུ་ཤེས་ནས་དེ་དཔ་ལ་དེ་བཞིན་དུ་ཆོས་སྟོན་ཏོ།།དེ་སྔོན་གྱི་གནས་མངོན་དུ་བྱེད་པས་སྔོན་གྱི་སྦྱོར་བ་ཕུན་སུམ་ཚོགས་པ་ཐོབ་བོ།།
302a3 སངས་རྒྱས་རྣམས་ལ་སྔོན་དགེ་བའི་རྩ་བ་ཇི་སྙེད་པ་སྐྱེད་པ་བྱང་ཆུབ་ཏུ་ཡོངས་སུ་མ་བསྔོས་པ་དེ་དག་རྗེས་སུ་དྲན་པར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ
302a4 ཏུ་ཡོངས་སུ་བསྔོའོ།།དེ་སྟོན་གྱི་གནས་ཀྱང་རྗེས་སུ་དྲན་ལོ་ཆོས་ཐམས་ཅད་སྔོན་གྱི་མཐེར་འཕོ་བ་མེད་པར་ཡང་རབ་ཏུ་ཤེས།གང་ཡང་སྔོན་གྱི་མཐའ་ནས་ཕྱི་མའི་མཐར
302a5 འགྲོ་བ་མེད་པར་མཐོང་།ཕྱི་མའི་མཐའ་ནས་སྔོན་གྱོ་མ་ཐར་འགྲོ་བ་མེད་པར་མཐོང་ངོ་།།ཆོས་ཐམས་ཅད་གྲང་དུའང་འགྲོ་བ་དང་འོང་བ་མེད་པར་རབ་ཏུ་ཤེས་སོ།།ད
302a6 སྔོན་གྱི་མཐར་རྗེས་སུ་དྲན་པོ་ན་སྔོན་གྱིས་མཐར་ལྟ་བར་མི་འགྱུར།དེ་ཕྱི་མའི་མཐའ་རྗེས་སུ་དྲན་པ་ན་ཕྱི་མའི་མཐར་ལྟ་བར་མི་འགྱུར་ཏེ།ཆོས་ཐམས་ཅད་མཐའ་དང
302a7 དབུས་མེད་པར་ཡང་རབ་ཏུ་ཤེས་སོ།།དེ་སེམས་ཅན་ཐམས་ཅད་ཀྱི་སྔོན་གྱི་གནས་ཀྱང་རྗེས་སུ་དྲན་ལོ་གཟུགས་སྔོན་གྱི་མཐས་དབེན་པ་ཉིད་དུའང་རབ་ཏུ་ཤེས།ཆར
iiif viewer powered by OpenSeadragon
301b - 302b