e-texts navigator
Collection
Volume
Page
Wylie

301b1 ཤེས་སོ།།དེ་སེམས་ཀྱིས་སེམས་ལ་རྣམ་པར་ལྟ་ལ་སེམས་ཀྱིས་སེམས་ལ་སྦྱོར་བར་མི་བྱེད་ཅིང་མི་མཐུན་པར་ཡང་མི་བྱེད་དོ།།སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་དབྱིངས
301b2 དེ་དག་ཀྱང་རབ་ཏུ་ཤེས་ཏེ།ཆོས་ཀྱི་དབྱིངས་གང་ཡིན་པ་དེ་སེམས་ཀྱི་དབྱིངས་ཡིན་པར་རོབ་ཏུ་ཤེས་སོ།།རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལྟར་ན་བྱང་ཆུབ་སེམས་དཔའི་ཕ་རོལ
301b3 ཀྱི་སེམས་ཤེས་པའི་མངོན་པར་ཤེས་པ་ཐོབ་སྟེ།མངོན་པར་ཤེས་པ་དེས་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཁམས་མངོན་པར་ཤེས་སོ།།རྣམ་པར་འཕྲུལ་པའི་རྒྱལ་པོ་གཞན
301b4 ཡང་བྱང་ཆུབ་སེམས་དཔའ་སྔོན་གྱི་གནས་ཤེས་པ་མངོན་སུམ་དུ་བྱེད་པའི་མངོན་པར་ཤེས་པ་འཐོབ་ཅིང་དེ་བརྗོད་པ་མེད་ལ།དབང་པོ་མཉམ་པར་བཞག་པས་སྔོན་གྱི
301b5 གནས་རྗེས་སུ་དྲན་ཏེ།དེ་བདག་དང་གཞན་དག་གི་སྔོན་གྱི་གནས་ལོ་བསྐལ་པ་གངྒཱའི་རླུང་གི་བྱེ་མ་སྙེད་ནས་བརྫ་མ་ནས་ཆོས་སྟོན་ཏོ།།ཆེ་གེ་མོ་ཞིག་ན་བདག་མིང་འདི་ཞེས་བྱ་བར
301b6 གྱུར།རིགས་ནི་འདི་ཞེས་བྱ།ཆེའི་ཚད་ནི་འདི་ཙམ་ཞིག་ཐུབ།བདེ་བ་དང་།སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་ཞེས་བྱ་བ་དང་།སེམས་ཅན་གརྨྨན་རྣམས་ཀྱིའང་དེ་བཞིན
301b7 དུ་རབ་ཏུ་ཤེས་སོ།།དེ་སེམས་ཅན་རྣམས་སྔོན་གྱི་དགེ་བའི་རྩ་བ་རྒྱ་ལས་བྱུང་བ་རབ་ཏུ་ཤེས་ཏེ།སེམས་ཅན་འདི་དག་ནི་ཆུའི་སྟོབས་ཅན།འདི་དག་ནི་རྐྱེན་གྱི་སྟོབས་ཅན།




iiif viewer powered by OpenSeadragon

301a - 302a

Texts on this page

N153 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo