e-texts navigator
Collection
Volume
Page
Wylie

300b1 བཇི་ལྟ་བུ། ཇི་ལྟ་བུ།མཚན་ཉིད་ཇི་ལྟ་བུ་ཡིན་སྙམ་དུ་འཁོར་གྱི་སེམས་ལ་རྣམ་པར་ལྟ་སྟེ།བལྟས་ནས་ཀྱང་དེ་བཞིན་དུ་ཆོས་སྟོན་ཏོ།།དེ་རང་གི་སེམས་ཡོངས་སུ་དྲུག
300b2 པསྟྲ་འཁོར་གྱི་སེམས་ཡོངས་སུ་དག་པ་རྗེས་སུ་འཇུག་སྟེ།རྣམ་པར་འཕྲུལ་པའི་རྒྱལ་པོ་འདི་ལྟ་སྟེ།དཔེར་ནཱ་མེ་ལོང་གི་དཀྱིལ་འཁོར་ཡོངས་སུ་དག་པའི་ཕྱིར་མེ་ལོང་གི
300b3 དཀྱིལ་འཁོར་ཡོངས་སུ་དྲུག་པཱ་ལ་གཟུགས་སུ་སྣང་བ་ཇི་ལྟ་བུ་བསྙེན་པའི་ཁ་དོག་དང་།རྟགས་དང་།དབྱིབས་ཇི་ལྟ་བུ་ཡིན་པ་དེ་ལྟ་བུ་ཉིད་ཀྱི་གཟུགས་བོརྙན་ལྷག་ཆད་མེང
300b4 པར་སྣང་སྟེ།མེ་ལོང་གི་དཀྱིལ་འཁོར་ནི་རྣམ་པར་མི་རྟོག་མི་སེམས་ཀྱང་དེ་དག་སྣང་ངོ་།།རྣམ་པར་འབྱུམ་པའི་རྒྱལ་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་རང་གི
300b5 སེམས་ཡོངས་སུ་དག་པ་དང་།ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ཡོངས་སུ་དག་པའི་ཕྱིར་སེམས་ཅན་རྣམས་ཀྱི་སེམས་ཀྱི་སྤྱོད་པ་ཇི་ལྟ་བུར་འབྱུང་བྱ་དེ་དག་ཐམས་ཅད་རབ་ཏུ་ཤེས
300b6 ཏེ།བྱང་ཆུབ་སེམས་དཔའ་རང་གི་སེམསོ་ལ་སྒྲིབ་པའང་མྱེད།གཞན་གྱི་སེ་མོས་ལ་སྒྲིབ་པའང་མེད་དོ།།དེ་ནི་གལ་ཏེ་འཁོར་འདོད་ཆགས་ལ་སྤྱོད་པ་ཡིན་ནའང
300b7 དེའི་སེ་མོས་རབ་ཏུ་ཤེས་སོ།།འདོད་ཆགས་དང་བྲལ་བའི་སེམས་ཀྱང་ཡང་དག་པར་མཐོང་ངོ་།།དེ་ཅིའི་ཕྱིར་ཞེ་ན།སེམས་ཀྱི་རང་བཞིན་ཆགས་པ་མེད་པའི་ཕྱིར་རོ།།




iiif viewer powered by OpenSeadragon

300a - 301a

Texts on this page

N153 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo