e-texts navigator
Collection
Volume
Page
Wylie

299b1 མིག་གི་རྣམ་པར་འཕྲུལ་པའི་མངོན་པར་ཤེས་པ་གང་གིས་བྱང་ཆུབ་སེམས་དཔའི་མིག་གི་དབང་པོ་རྩིག་པཱ་རྣམས་ཀྱིས་མི་སྒྲིབ།ཤིང་རྣམས་ཀྱིས་མི་སྒྲིབ།རི་རྣམས་ཀྱིས་མི
299b2 སྒྲིབ།ནགས་ཚྭ་ལྔ་རྣམས་ཀྱིས་མི་སྒྲིབ།ཁོར་ཡུག་དང་།ཁོར་ཡུག་ཆེན་པོའི་རི་རྣམས་ཀྱིས་མི་སྒྲིབ།རི་རབ་ཀྱིས་མི་སྒྲིབ།འཇིག་རྟེན་གྱི་བ་རྣམས་ཀྱིས་མི་སྒྲིབ་སྟེ།
299b3 དོ་སྒྲིབ་པ་མེད་པའི་མིག་གིས་ཕྱོགས་བཅུར་སངས་རྒྱས་ཀྱི་ཞིང་དཔག་ཏུ་མེད།གྲངས་མེད་པ་རྣམས་མཐོང་ཞིང་དེ་དག་ཐམས་ཅད་ཀྱང་སངས་རྒྱས་ཀྱི་ཞིང་གཅིག་ཏུ་རབ་ཏུ་ཤེས
299b4 ཏེ།འདི་ལྟ་སྟེ།ནམ་མཁོའ་ལ་ཐ་དད་པ་མེད་པའི་ཕྱིར་རོ།།ཞིང་ལ་ཞིང་སྦྱོར་བར་ཡང་མི་བྱེད།ཐ་དད་པར་ཡང་མི་བྱེད་དོ།།སངས་རྒྱས་ཀྱི་ཞིང་དེ་དག་ན་སངས་རྒྱས
299b5 བཅོམ་ལྡན་འདས་ཉན་ཐོས་ཀྱི་ཚོགས་དང་བཅས་པ་གོང་དགྲ་བཞུགས་པ་དེ་དོག་བརྗོད་པ་མེད་པའོ།།དེ་ཅིའི་ཕྱིར་ཞེ་ན།གང་བརྗོད་པའི་མཚན་ཉིད་དེ་ནི་སུངས་རྒྱས་ཀྱི་ཚིག
299b6 མ་ཡིན་ཏེ།བརྗོད་དུ་མེད་པ་ནི་སངས་རྒྱས་ཀྱི་ཚིག་ཡིན་པའི་ཕྱིར་རོ།།དེ་བྱས་ན་སངས་རྒྱས་ཀྱི་ཚིག་ཅེས་བྱའོ།།གང་སྲངས་རྒྱས་ཀྱི་ཚིག་ལ་འཇུག་པ་དེ་ནི་ཚིག་མེད་པ་ལ
299b7 འཇུག་པའོ།།གལ་ཏེ་ཚིག་ལ་འཇུག་ན་སངས་རྒྱས་ཀྱི་ཚིག་ལ་འཇོག་པ་མ་ཡིན་ནོ།།རྣམ་པར་འཕྲུལ་པའི་རྒྱལ་པོ་སངས་རྒྱས་ཀྱི་ཚིག་ལོ་འཇུག་པར་འདོད་པས་ཚིག་གང་གིས་གང




iiif viewer powered by OpenSeadragon

299a - 300a

Texts on this page

N153 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo