| | e-texts navigator
|
297b1 མི་རྒྱུག་ཀྱང་གཞན་དག་ལ་རྣམ་པར་ཤེས་པ་དེ་སྔོན་ཏེ།དེ་ལ་མཚན་མར་ཡང་མི་འཛིན་ཅིང་དེ་རྣམ་པར་ཤེས་པ་ལ་ཡེ་ཤེས་སོ་ཞེས་ཀུན་ཏུ་སྐྱེད་དེ།རྣམ་པར་ཤེས་པ་འམ།
297b2 ཡེ་ཤེས་ལ་མངོན་པར་ཞེན་པར་ཡང་མི་འགྱུར་རོ།།རྣམ་པར་ཤེས་པ་དེ་ཁོ་ན་ལྔ་མངོན་བྱར་ཞེན་པས་ཡེ་ཤེས་ཀྱི་དེ་ཁོ་ན་མི་བརྗོད་དོ།།རྣམ་པར་འཕྲུལ་པའི་རྒྱལ་པོ་བྱུང
297b3 ཆུབ་སེམས་དཔའ་གང་ཡཱཾ་ཤེས་ལ་རྟོན་པ་དེ་ནི་རྣམ་པར་ཤེས་པ་དང་ལྷན་ཅིག་མི་གྲནས་སོ།།སེམས་ཅན་གཞན་དག་ལ་རྣམ་པར་ཤེས་པ་མ་ཡིན་པར་ཡང་ཆོས་མི་འཆད
297b4 དེ།།རྣམ་པར་འཕྲུལ་པའི་རྒྱལ་པོ་འདི་ནི་བྱང་ཆུབ་སེམས་དཔའི་མངོན་པར་ཤེས་པའི་རྣམ་པར་འཕྲུལ་པ་ཡིན་ཏེ།ལྷའི་རྣ་བ་ཐོབ་པ་དེས་ཡེ་ཤེས་ཀྱི་དབྱིངས་འདི་རྟོགས་པར
297b5 འགྱུར་རོ།།རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་གང་ཟག་གི་ཚིག་བླ་དགས་དང་ལྡན་པའི་རྒྱུས་ཉན་ཅིང་ཆོས་ཉིད་ལ་རྟོན་གྱི་གང་ཟག་ལོ་མི་རྟོན་ཏོ།།དེ་ཅིའི
297b6 བྱིར་ཞེ་ན།རྣམ་པར་འཕྲུལ་པའི་རྒྱལ་པོ་དོལ་ཏེ་ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ལ་གང་ཟག་ཡོད་པར་གྱུར་ན་སེམས་ཅན་གང་ཡང་ཤིན་ཏུ་དག་པ་དང་ཐར་བར་མི
297b7 འགྱུར་བའི་ཕྱིར་རོ།།རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལྟ་བས་ན་ཆོས་ཐམས་ཅད་གང་ཟག་མེད་མོད་ཀྱི་དེ་བཞིན་གཤེགས་པ་ནི་འཇིག་རྟེན་གྱི་ཐ་སྙད་དུ་གང་ཟག་ཅེས་གསུངས།
iiif viewer powered by OpenSeadragon
297a - 298a