e-texts navigator
Collection
Volume
Page
Wylie

297a1 འདི་ལྟར་ངེས་པའི་དོན་ལས་བརྒལ་བའི་ཆོས་ལྔ་གནས་པ་ཡིན་ཏེ།དེ་དག་ནི་དྲང་དགོས་པ་ཡིན་ནོ།།གང་གིས་དྲང་ཞེ་ན།སྒྲས་དྲང་ངོ་།།ངེས
297a2 པའི་དོན་གྱི་མདོ་སྡེ་ལ་རྟོན་པ་དག་ནི་སྒྲས་དྲང་བ་ཡིན་ནོ།།དེ་ཅིའི་ཕྱིར་ཞེ་ན།དེ་དྲུག་གིས་དོན་དམ་པ་བརྗོད་དུ་མེད་པ་རྟོགས་ཤིང་དེ་དག་གོས་འང་སྐྱེ་བ་དང་།མ
297a3 འོངས་པ་དང་།དེ་ལྟར་བྱུང་བའི་ཆོས་ཐམས་ཅད་ལ་ལྷག་ཆད་རྙེ་བྱར་ཤེས་པའི་ཕྱིར་ཏེ།རྣམ་པར་འཕྲུལ་བའི་རྒྱ་པོ་དོན་གྱི་རྣམ་པ་འདི་ལ་དེ་ལྟར་ཆོས་ཉིད་འདི་ལ
297a4 རྟོན་ན་མདོ་སྡེ་ཐམས་ཅད་ངེས་པའི་དོན་དུ་འགྱུར་རོ།།དེ་ལྟར་མི་རྟོན་ན་མདོ་སྡེ་ཐམས་ཅད་དྲང་བའི་དོན་དུ་འགྱུར་རོ།།རྣམ་པར་འཕྲུལ་པའི་རྒྱལ་པོ་གཞན་ཡང་བྱང
297a5 ཆུབ་སེམས་དཔའ་སངས་རྒྱས་བཅོམ་ལྡན་འདས་དེ་དང་ལས་ཆོས་ཉན་པ་ན་ཡེ་ཤེས་ལ་རྣོན་པོ་ཡིན་གྱི་རྣམ་པར་ཤེས་པ་ལ་མི་རྟོན་ཏོ།།དེ་ཅིའི་ཕྱིར་ཞེ་ན།དེས་རློམ
297a6 པར་ཤེས་པ་སྡུ་མ་ལྟ་བུ་དང་།དབེན་པ་དང་།ངོ་བོ་ཉིད་མེད་པ་དང་།གཟུགས་མེད་པ་དང་།བསྟན་དུ་མེད་པ་དང་།ཐོག་བ་མེད་པོ་དང་།རྣམ་པར་རིག
297a7 བར་མ་ཡིན་པར་ཤེས་པའི་ཕྱིར་ཏེ།གང་རྣམ་པར་ཤེས་པ་དེ་ལྟར་རྟོགས་པ་དེནི་ཡེ་ཤེས་ཡིན་ནོ།།དེ་ཡི་ཤེས་ལ་རྟོན་པ་ཡིན་གྱི་རྣམ་པར་ཤེས་པའི་རྗེས་སུ




iiif viewer powered by OpenSeadragon

296b - 297b

Texts on this page

N153 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo