| | e-texts navigator
|
296a1 གང་ཡང་མི་བརྗེད་དོ།།ཇི་ལྟར་ན་གང་ཡང་མི་བརྗོད་ཅེ་ན།དེ་ནི་ཚིག་འགའ་ཡང་མ་རྟོགས་པར་མ་འགྱུར་བས་དེ་ལྟར་ན་མི་བརྗོད་དོ།།རྣཾས་ཀླུང
296a2 དག་ཟག་པ་དང་བཅས་པ་དང་།ཟག་པ་མེད་པའམ།འདྲེས་བྱས་དང་འདུས་མ་བྱས་སམ།འཇིག་རྟེན་མ་དང་།འཇིག་རྟེན་ལས་འདས་པའམ།དགེ་བ་དང་།མི་དགེ་བ
296a3 འམ།ཁ་ན་མཐོ་བ་དང་བཅས་པ་དང་།ཁོན་མ་ཐོ་བ་མང་པོ་རྣམས་ས་མེ།ཉན་ཐོས་ཀྱི་ཐེག་པ་དང་ལྡན་པ་བླམ།རང་སངས་རྒྱས་ཀྱི་ཐེག་པ་དང་ལྡན་པ་རྣམས
296a4 སམ།ཐེག་པ་ཆེན་པོ་དང་ལྡན་པ་རྣམས་ཐོས་ནས།འདི་ལྟ་སྟེ།དབེན་པའི་དབྱིངས་གཅིག་པ་ཉིད་ཀྱི་ཕྱིར་ཆོས་དེ་དག་ཐམས་ཅད་ཆོས་གཅིག་གི་ངོ་བོ་ཉིད་ཀྱི
296a5 རུ་ཡིན་པར་འཇུག་གོ།།དེ་ཆེས་ཉན་ཅིང་འཆད་ཀྱང་ཡུལ་ཐམས་ཅད་ལ་མི་འཆགས་སོ།།ཆོས་ཀྱང་ཉན་མོད་ཀྱི་མཚན་མ་ཐམས་ཅད་དང་ཡང་ལྷན་ཅིག་ཏུ་མི་གནས
296a6 །དེ་ཆོས་ལ་བརྟེན་པ་ཡིན་གྱི་ཆིས་མ་ཡིན་པ་ལ་མི་བརྟན་ཏོ།།དེ་ལ་ཆོས་གང་ཞེ་ན།ཆོས་ཞེས་བྱ་བ་ནི་འདོད་ཆགས་དང་བྲལ་བདེ།།ཆོས་ཞེས་བྱ་བ་ནི་མཚན
296a7 མ་མེད་པའོ།།ཆོས་ཞེས་བྱ་བ་ནི་དུས་མ་བྱས་པར།།ཆེསོ་ཞེས་བྱ་བ་ནི་མཐའ་ཡས་པཾ།དབ་མེ་པ།མི་འགྱུར་པ།དམིགས་སུ་མེད་པ།མི་སྐྱོག་མ་སྐྱེས
iiif viewer powered by OpenSeadragon
295b - 296b