e-texts navigator
Collection
Volume
Page
Wylie

295b1 ཅད་ཐོས་ཀྱང་སྒྲ་ཐ་དད་པར་མི་བྱེད་ལ།སྒྲ་ཐམས་ཅད་ཀྱང་སླར་མེད་པར་མོས་སོ།།བརྗོད་དུ་མེད་པར་ཤེས་སོ།།དེ་སྒྲ་དེ་དག་ཐོས་ཀྱང་བདག་ཏུ་འདུ་ཤེས་སམ།སེམས།།
295b2 ཅན་དུ་འདུ་ཞེས་སམ།སྦྱོར་འདུ་ཤེས་མི་འཇུག་ལ།སྐུ་ཐམས་ཅད་ཐོག་མའི་མཐའ་དང་ཐ་མའི་སྒྲར་བརྗོད་པ་མེད་པར་རབ་ཏུ་རྟོགས་ཤིང་ཆོས་ཐམས་ཅད་བརྗོད་དུ་མེད
295b3 པར་ཡིད་ཆེས་སོ།།དེའི་རྣ་བའི་དབང་པའི་རྣམ་པར་ཤེས་པའི་ཁམས་སྒྲིབ་པ་མེད་པར་འགྱུར་ཏེ།སྒྲ་དེ་དག་ཐོས་ནས་ཀྱང་སྒྲ་དེ་དག་གི་དོན་གང་ཡིན་པ་དེ་རབ་ཏུ་ཤེས་སོ།།
295b4 སྒྲ་རྣམས་ཀྱི་དོན་གང་ཞེ་ན།སྒྲ་ཐམས་ཅད་ཀྱི་དོན་ནི་བརྗོད་དུ་མེད་པའི་དོན་ཏོ།།སྨྲར་མེད་པའི་དོན་ཏོ།།སྐུ་ཐམས་ཅད་ཀྱི་དོན་ནི་ཉེ་བར་ཞི་བའི་དོན་ཏོ།།དེ་དོན་དེས་དོན
295b5 ལོ་རྟོག་པར་འགྱུར་རོ།།སྒྲ་ཐམས་ཅད་ཀྱང་ཐོས་ལ་ཆོས་ཐམས་ཅད་མ་སྐྱེས་པའི་ཕྱིར་གང་ལའང་གནས་པར་མི་བྱེད་དོ།།ཕྱོགས་བཅུའི་འཇིག་རྟེན་གྱི་ཁྲིམས་གྲངས་མེད་པ
295b6 དག་ན་སངས་རྒྱས་བཅོམ་ལྡན་འདས་གང་དག་བཞུགས་ལ་འཚོ་ཞིང་གཞོས་ཏེ།ཆོས་ཀྱང་སྟོན་པ་དེ་དག་གིས་ཚེས་བསྟན་པོ་དེ་དག་ཐམས་ཅད་ཀྱང་དེའི་རྣ་བས་ཐོས་པར་འགྱུར
295b7 རོ།།དེ་ལ་སྒྲིབ་པ་འམ་ཀུན་ནས་དཀྲིས་ཏེ་འདུག་པར་ཡང་མི་འགྱུར་ལ།ཆོས་བསྟན་པ་དེ་དག་ཐམས་ཅད་ཐོས་ཤིང་ཇི་ལྟར་ཐོས་པའང་འཛིན་ཏོ།།ཟིན་ནས་ཀྱང་ཆས




iiif viewer powered by OpenSeadragon

295a - 296a

Texts on this page

N153 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo