e-texts navigator
Collection
Volume
Page
Wylie

295a1 དང་།རྣམ་པར་ཐར་པ་དང་།ཏིང་ངེ་འཛིན་དང་།སྙོམས་པར་འཇུག་པ་རྣམས་ཀྱིས་གནས་ཏེ།སེམས་ཅན་གང་ཡང་དེའི་མིགྲོ་ལམ་དུ་སྣང་བ
295a2 མི་འགྱུར་རོ།།དེ་ཅིའི་ཕྱིར་ཞེ་ན།འདི་ལྟར་བྱང་ཆུབ་སེམས་དཔའ་དེས་བདག་མེད་པའི་དྲི་ཁོ་ན་ཤེས་པའི་ཕྱིར་རོ།།དེ་འདོད་ན་གཟུགས་ན་སྤྱོད་པའི་ལྷའི་ལུས་ཕྲ་བ།།
295a3 ལུས་བཟང་བ།ལུས་འོད་གསལ་བ།ལུས་མི་སྣང་བ།གང་དག་ཡིན་པའི་ལྷ་དེ་དྲག་གི་མདུན་ནའང་བྱང་ཆུབ་སེམས་དཔའ་རང་གི་ལུས་ཉེ་བར་སྟོན་ཏོ།།ལྷའི་བྱེ
295a4 དག་གིས་ཀྱང་དེའི་ལུས་མཐོང་།དེས་ཀྱང་དེ་དག་གི་ལུས་མཐོང་།།འདོད་ན་དེའི་ལུས་ལྷ་རྣམས་ཀྱིས་མཐོང་ལ།རང་གི་ལུས་མི་མཐོང་ངོ་།།དེ་འདྲོད་ན་ལྷའི་བུ
295a5 དེ་དག་རང་གི་ལུས་མཐོང་ལ།དེའི་ལུས་མི་མཐོང་སྟེ།དེ་ལྷའི་མིག་དེ་ལྟ་བུ་དང་ལྡན་པར་འགྱུར་རོ།།དེ་ལྟའི་རྣ་བ་དང་ལྡན་པར་གྱུར་ཏེ།འདི་ལ་འཇིག་རྟེན་གྱི
295a6 ཁྲིམས་མཐའ་ཡས་མུ་མེད་པ་དག་ན་སྒྲ་ཇི་སྙེད་ཡོད་པ་ལྟའི་བཱ་མ།ཀྵེ་དང་།གནོད་སྦྱིན་དྲང་།དྲི་ཟླའི་སྒྲུབ་མ།ལྕེ་མ་ཡིན་དང་།ནམ་མཁའ་ལྡིང་དང་།
295a7 མི་འམ་ཅི་དང་།ལྟོ་འཕྱེ་ཆེན་པོའི་སྒྲའམ།མི་དང་མོ་མ་ཡིན་པའི་སྒོ་དེ་དག་ཐམས་ཅརོ་དེའི་ལྷའི་རྣ་བའི་དབང་པོ་དེ་ལ་བྲེགས་པར་འགྱུར་རོ།།དེ་སྒྲ་དེ་དག་ཐམ




iiif viewer powered by OpenSeadragon

294b - 295b

Texts on this page

N153 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo