e-texts navigator
Collection
Volume
Page
Wylie

294a1 ཀྱི་འཁོར་ལོ་བསྐོར་རོ།།ཆོས་ཐམས་ཅད་ཀྱང་མཐོང་ཞིང་ཆོས་ཀྱི་དབྱིངས་དབྱེར་མེད་པའི་ཚུལ་གྱིས་སངས་རྒྱས་ཐམས་ཅད་ཆོས་ཀྱིས་དབྱིངས་དབྱེར་མེད་པའི
294a2 ཚུལ་གྱིས་སངས་རྒྱས་ཐམས་ཅད་སངས་རྒྱས་གཅིག་ཏུ་མོས་སོ།།སངས་རྒྱས་གཅིག་མཐོང་པོས་ཀྱང་སངས་རྒྱས་ཐམས་ཅད་མཐོང་བ་རྣམ་པར་སྦྱང་བ.རརོ་བྱེད་དོ།།སངས
294a3 རྒྱུས་ཐམས་ཅད་མཐོང་བས་ཀྱང་སངས་རྒྱས་གཅིག་མཐོང་བ་རྣམ་པར་སྦྱོང་བར་བྱེད་དོ།།སངས་རྒྱས་མཐོང་བ་རྣམ་པར་དག་པ་དེས་ཀྱང་ད་བདག་མཐོང་བ་རྣམ་པོར་དག་པ་ལ་འཇུག
294a4 གེརྣམ་པར་དག་པ་དེ་ཉིད་ཀྱིས་ཆོས་ཐམས་ཅད་མཐོང་བ་རྣམ་པར་དག་པོ་ལ་འཇོག་སྟེ།བདག་མཐོང་བ་རྣམ་པར་དག་པའམ།ཆོས་མཐོང་བ་རྣམ་པར་དག་པ་ལ་འདུ་ཤེས
294a5 གཉིས་སུའང་མི་འགྱུར་རོ།།སངས་རྒྱས་བཅོམ་ལྡན་འདས་དེ་དག་གི་ཉན་ཐོས་གང་དག་མཐོང་བ་དེ་དག་སངས་རྒྱས་མཐོང་བ་རྣམ་པར་དག་པ་ལས་གཞན་མ་ཡིན་པར་རབ
294a6 ཏུ་ཤེས་སོ།།དེ་ཉན་ཐོས་མཐོང་བས་སངས་རྒྱས་མེ་ལོདྲ་ལ།སངས་རྒྱས་མཐོང་བས་ཀྱང་ཉན་ཐོས་མཐོང་སྟེ།ཡང་དག་པར་མཐོང་བས་མཉམ་པར་མཐོང་ངོ་།།འཇིག
294a7 རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན་འཁོད་པའི་སེམས་ཅན་གོང་དག་སེམས་ཅན་དུ་བསྡུ་བས་བསྡུས་པའི་སེམས་ཅན་དམྱལ་བའམ།དུད་འགྲོ་འམ།ཡི་དགས




iiif viewer powered by OpenSeadragon

293b - 294b

Texts on this page

N153 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo