e-texts navigator
Collection
Volume
Page
Wylie

293a1 མཆམས་སམཅམས་མཐ། མ་ཅཿ་ཐས་མསམམམམ་མ་མ།
293a2 སྨྲས་སོ།།དགེ་སློང་ཁྱོད་ཀྱི་སྟོན་པ་སུ་ཡིན།སུས་རྗེས་སུ་བསྟན་པས་ཁྱོད་ཀྱི་སྤོབས་པ་དི་ལྟ་བུར་འགྱུར།སྨྲས་པ་གྲོགས་པོ་གང་འཇིག
293a3 ཚོགས་མ་བཤིགས་པར་བྱང་ཆུབ་ཐོབ་པ་དི་ནི་ཁོ་བོའི་སྟོན་པའོ།།གང་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་མི་གནས་པ་དྲི་ནི་ཁོ་བོའི་སྟོན་པའོ།།གང་འདུས་བྱས
293a4 དང་འདུས་མ་བྱས་ལ་རྣམ་པོར་ཤེས་པ་མི་གནས་པ་དེ་ནི་ཁོ་བོའི་སྐྱོན་པའོ།།གང་གཞན་ལ་སྔ་མ་མཉོན་པར་བྱུང་བ་མེད་པའི་ཆུ་བོ་མི་གནས་པ་རྒལ་བ་དེ་ནི་ཁོ་བོའི་སྟོན
293a5 པའོ།།གླང་ཆོས་ཐམས་ཅད་ལ་རྣམ་པར་ཤེས་པ་མི་འཇུག་ཅིང་ཆོས་རྣམས་ལ་ཤེས་པ་མི་འཕྱོ་བ་དེ་ནི་ཁོ་བོའི་སྟོན་པའོ།།གང་སྒྲ་ཐམས་ཅད་ལ་འཇུག་པ
293a6 བར་དཔྱོད་ཅིང་བརྗོད་དུ་མེད་པའི་ཆོས་ཉིད་ལས་ཀྱང་མི་གཡོ་བ་དེ་ནི་ཁོ་བོའི་སྟོན་པའོ།།གང་ཆོས་རྣམས་ཅད་མི་སྐྱེ་བ་དང་སྐྱེ་བ་ཐམས་ཅད་མི་འབྱུང་བར་བྱ་བའི
293a7 ཕྱིར་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ནི་ཁོ་བོའི་སྟོན་པའོ།།གང་ཚུ་རོལ་དང་།ཕ་རོལ་དང་དབུས་ན་མི་གནས་པ་དེ་ནི་ཁོ་བོའི་སྟོན་པའོ།།གང་ཆོས་ཐམས་ཅད་མི
293a8 སྐྱེ་བའི་ཕྱིར་སྐྱེས་པ་དེ་ནི་ཁོ་བོའི་སྟོན་པའོ།།གང་ཆོས་ཐམས་ཅད་འགོག་པ་མེད་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་དེ་ནི་ཁོ་བོའི་སྟོན་པ་སྟེ།དེས་རྗེས་སུ




iiif viewer powered by OpenSeadragon

292b - 293b

Texts on this page

N153 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo