| | e-texts navigator
|
291b1 ཆ\ུ0f7fས་སམམསམ། མཅན་ཐས་མ།ཐསམམ་མ
291b2 གཉིས་སུ་མེད་པ་དང་།རང་སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དང་།སངས་རྒྱས་ཀྱི་ཆོས་གང་དག་ཡིན་པ་དེ་དག་མཉམ་ཞིང་གཉིས་སུ་མེད་པ་དང་།འདས་པའི
291b3 ཆོས་གང་དྲུག་ཡིན་པ་དང་།མ་འོངས་པའི་ཆོས་གང་དག་ཡིན་པ་དང་།ད་ལྟར་བྱུང་བའི་ཆོས་གང་ཡིན་པ་དེ་དག་མཉམ་ཞིང་གཉིས་སུ་མེད་པ་དེ་ནི་སྐྱེ་བ་མེད་པ
291b4 མཉམ་པ་ཉིད་ཀྱིས་མཉམ་པ་དང་།འབྱུང་བ་མེད་པ་མཉམ་པ་ཉིད་ཀྱིས་མཉམ་པ་དང་།འགག་པ་མེད་པ་མཉམ་པ་ཉིད་ཀྱིས་མཉམ་པ་སྟེ།མཉམ་པ་ཉིད་འདི
291b5 རྣམས་མི་སྤོངས་པ་གང་ཡིན་པའི་མཉམ་པ་ཉིད་དེ་བསྟན་པའི་ཕྱིར་སེམས་ཅན་རྣམས་ལ་ཆོས་འཆད་པར་འདོད་དོ།།གྲོགས་པོ་ཡང་དག་པར་འཇུག་པ་འདི་ནི
291b6 འདོད་པའི་ཁམས་སུ་འཇུག་པ་མ་ཡིན།གཟུགས་ཀྱི་ཁམས་སུ་འཇུག་པ་མ་ཡིན།གཟུགས་མེད་པའི་ཁམས་སུ་འཇུག་པ་མ་ཡིན་ནོ།།གང་དག་མཉམ་པ་ཉིད་ལ
291b7 གནས་པ་དག་ནི་ཆོས་ཉིད་ལས་མི་གཡོས།རྣམ་པར་མི་གཡོ།འགྲོ་བར་མི་བྱེད།མི་འགྲོ་བར་མི་བྱེད་དོ།།གྲགས་པོ་འདི་དག་ནི་ཡང་དག་པར་འཇུག་པ་ཞེས་བྱའོ།།
291b8 དེ་བཞིན་ཉིད་འཇུག་པ་གང་ཡིན་པ་ཆོས་ཐམས་ཅད་ཀྱི་འཇུག་པའང་དེ་ཡིན་ནོ།།ཆོས་ཀྱི་དབྱིངས་ཀྱི་འཇུག་པ་གང་ཡིན་པ་ཆོས་ཐམས་ཅད་ཀྱི་འཇུག་པའང་དེ་ཡིན་ནོ།།
iiif viewer powered by OpenSeadragon
291a - 292a