| | e-texts navigator
|
289b1 ཡོད་པ་མེ་ཏོག་ཁ་དོག་སྣ་ཚོགས་པའི་ཕྲེང་བ་བསུང་ཞིམ་པ།ཡིད་དུ་འོང་བ།ལྟ་ན་སྡུག་པ།དེ་སྙེད་གནས་པར་གྱུར་ཏོ།།བདུད་དེ་རྣམས་ཀྱང་དགེ་སློང་ནི
289b2 གཟུགས་དེ་ལྟ་བུ་ཉིད་དུ་གྱུར་ཏེ།དེ་དག་ཐམས་ཅད་རབ་ཏུ་བྱུང་བའི་ཁོངས་སུ་གཏོགས་ཤིང་གོས་ངུར་སྒྲོག་བགོས་ལ།སྒྲ་དང་ཁ་སྤུ་བྲེགས་པར་སྣང་བར་གྱུར་ཏོ།།
289b3 རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ནས་བདུད་རྣམ་པར་གནོན་པས་དགེ་སློང་དེའི་ཆོ་འཕྲུལ་རྒྱ་ཆེན་པོ་མཐོང་ནས་ངོ་མཚར་དུ་གྱུར་ཏེ།གཡོག་འཁོར་དང་བཅས་པར་དག
289b4 སློང་དེའི་རྐང་པ་ལ་གཏུགས་ནས་འདི་སྐད་ཅེས་སྨྲས་སོ།།དགེ་སློང་ཁྱོད་ཀྱིས་ཆོས་གང་དག་ཐོབ་པར་ཁྱོད་ལ་འདི་ལྟ་བུའི་བྱིན་གྱིས་རླབས་ཡོད་པར་གྱུར།དེ་སྐད
289b5 ཅེས་སྤྲས་པ་དང་།རྣམ་པར་འཕྲུལ་པའི་རྒྱལ་པོ་དགེ་སློང་རྡོ་རྗེའི་ལྟེ་བས་བདུད་རྣམ་པར་གནོན་པ་ལ་འདི་སྐད་ཅེས་སྨྲས་སོ།།གྲོགས་པོ་བྱིན་གྱིས་བརླབས་འདི་ནི་རྙེད
289b6 པ་ལས་གྱུར་པ་མ་ཡིན་གྱི་ཆོས་ཐམས་ཅད་དམིགས་སུ་མེད་པ་ལས་བྱིན་གྱིས་བརླབས་འདི་ཡོད་པར་གྱུར་ཏོ།།གྲོགས་པོ་བྱིན་གྱིས་བརླབ་སོ་འདི་ནི་རྙེད་པ་ལས་མ་གྱུར
289b7 གྱི་ཆོས་ཐམས་ཅད་མ་རྙེད་པ་ལས་བྱིན་གྱིས་བརླབས་འདི་ཡོད་པར་གྱུར་ཏོ།།གྲོགས་པ་བྱིན་གྱིས་བརླབས་འདི་ནི་ལུས་དང་།ངག་དང་།སེམས་ལ་གནས་པ
iiif viewer powered by OpenSeadragon
289a - 290a