e-texts navigator
Collection
Volume
Page
Wylie

289a1 ཆེན་ཕྱི་རལ་བྲི་དང་།མདའ་གྲུའུ་དང་།མདུང་ཐུང་དང་།མངའ་བོ་ཆེ་ཐོགས་པ་རྣམས་ཀྱིས་འཇིག་པ་སྟོན་པར་མཐོང་ངོ་།།མཐོང་ནས
289a2 ཀྱང་ཚིག་འདི་སྐད་སྨྲས་སོ།།བདག་གིས་བདེན་པའི་ཚིག་གང་གིས་བདག་ཆོས་འཕགས་པ་འདི་ལ་སྦྱོར་བ་ན་ཚུལ་ཁྲིམས་ཀྱི་ཕུང་པོ་དང་།ཚུལ་བཞིན་དུ་སྦྱོར་བ
289a3 ཤིན་ཏུ་ཡོངས་སུ་དག་པ་ལྟ་ན་བདེན་པ་དང་བདེན་པའི་ཚིག་དེས་བདུད་རྣམས་དང་།བདུད་ཀྱི་འཁོར་རྣམས་ཀྱི་རལ་གྲི་དང་།མངའ་གཞུ་དང་།མདུང་ཐུང་དང་།
289a4 མངའ་བོ་ཆེ་ལ་སོགས་པ་ཇི་སྙེད་ལག་ན་ཐོག་པ་འདི་དག་མེ་ཏོག་ཨུཏྤ་ལ་དང་།པདྨ་དང་།ཀུ་མུ་དཱ་དང་།པདྨ་དཀར་པོ་དང་།ཙམྦ་ཀ་དང་།སྣ་མའི་མེ་ཏོག
289a5 དང་།པར་ཤི་ཀ་དང་།མངོན་པའི་ཕྲེང་བ་རྣམས་སུ་གྱུར་ཅིག།བདུད་རྣམས་དང་།བདྲུད་ཀྱི་རིས་ཀྱི་ལྷ་རྣམས་ཀྱང་བདག་གིས་གཟུགས་དང་།ལུས་དང་།
289a6 ཁ་དོག་དང་།སྨོན་ལམ་ཅི་འདྲ་དེའང་བ་དོ་ནིར་གྱུར་ཅིག་ཅེ་ས་སྨྲས་ཏེ།རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྕི་བས་ཚིག་དེ་སྐད་སྨྲས་མ
289a7 ཐག་ཏུ་བདུད་རྣམས་དང་།བདུད་ཀྱི་འཁོར་དེ་རྣམས་ཀྱི་རལ་གྲི་དང་།མདའ་གཞུ་དང་།མདོང་ཐུང་དང་།མངའ་བོ་ཆེ་ལ་སོགས་པ་ལག་ན་ཐོགས་པ་ཇི་སྙེད




iiif viewer powered by OpenSeadragon

288b - 289b

Texts on this page

N153 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo