| | e-texts navigator
|
288a1 གཉེར་བུ་དེ་ནི་ཚུལ་ཁྲིམས་སོ།།གང་སྐྱོང་པ་ཉིད་ཀྱིས་མི་སྐྱུག་པ་དེ་ནི་ཚུལ་ཁྲིམས་སོ།།གླང་མཚན་མ་ཆུད་པ་སྒོམ་པ་དེ་ནི་ཚུལ་ཁྲིམས་སོ།།
288a2 གང་སྨོན་པ་དང་བྲལ་བ་དེ་ནི་ཚུལ་ཁྲིམས་སོ།།གང་ཚུལ་ཁྲིམས་ཀྱི་ཕུང་པོ་དེ་ཉིད་ཀྱིས་རློམ་སེམས་སུ་མི་བྱེད་པ་དེ་ནི་ཚུལ་ཁྲིམས་སོ།།གང་ཚུལ་ཁྲིམས་དེས་བདུག
288a3 ལ་མི་བསྟོད་པ་དང་གཞན་ལ་མི་སྲིད་པ་དེ་ནི་ཚུལ་ཁྲིམས་སོ།།གང་སྐྱེ་མཆེད་རྣམས་ལ་མངོན་པར་དགོའ་བ་མེད་པ་དེ་ནི་ཚུལ་ཁྲིམས་སོ།།གང་ཡུལ་ལ་མི་འདྲ
288a4 བ་དེ་ནི་ཚུལ་ཁྲིམས་སོ།།གང་ཕུང་པོ་རྣམས་ཆོས་ཀྱི་ཕུང་པོ་དང་མཉམ་པོ་ཉིད་དེ་ནི་ཚུལ་ཁྲིམས་སོ།།གང་ཁྱམས་རྣམས་ཆེས་ཀྱི་དབྱིངས་དང་མཉམ་པ་ཉིད་དེ་ནི
288a5 ཚུལ་ཁྲིམས་སོ།།གང་རྩོད་པ་དང་འཐབ་པ་མེད་པ་གཙོ་བོར་གྱུར་པ་དེ་ནི་ཚུལ་ཁྲིམས་སོ།།གླང་དགེ་བའི་ཆོས་རྣམས་ལ་བརྩོན་པ་མི་གཏོང་བ་དེ་ནི་ཚུལ་ཁྲིམས
288a6 སོ།།གང་ཆོས་ཐམས་ཅད་ཤིན་ཏུ་ཞི་བ་དང་རབ་ཏུ་ཞི་བར་ཤེས་ཤིང་རབ་ཏུ་ཤེས་ཏེ་ལུས་ཀྱིས་བསྒྲུབ་ནས་གནས་པ་དེ་ནི་ཚུལ་ཁྲིམས་སོ་སྙམ་མོ།།རྣམ
288a7 པར་འཕྲུལ་པའི་རྒྱལ་པོ་དེ་ལྟར་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེང་ཚུལ་ཁྲིམས་ལ་རབ་ཏུ་གནས་པ་དེ་ལྟ་བུ་དང་ལྡན་ཞིང་ཆོས་འཕགས་པ་ལ་སྦྱོར་བ་འདི་དང་།
iiif viewer powered by OpenSeadragon
287b - 288b