e-texts navigator
Collection
Volume
Page
Wylie

287a1 རྒྱལ་པོ་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ།དདེ་བར་གཤེགས་པ།འཇིག་རྟེན་མཁྱེན་པ།སྐྱེས་བུ་འརྡུལ་གཱའི་ཁ་ལོ་སྒྱུར་བ།བླ་ནཱ་པང
287a2 བ།ལྷ་དང་མི་རྣམས་ཀྱི་སྟོན་པོ།སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བླང་བར་གྱུར་ཏེ།རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་བཞིན་གཤེགས་པ་འོད་དྲི་མ
287a3 བྱེད་པའི་འོད་ཟེར་གྱི་རྒྱལ་པོ་དེའི་གསུང་རབ་ལོ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེ་བོ་ཞེས་བྱ་བ་ཚུལ་ཁྲིམས་ལ་གནས་པའི་སྟོབས་དང་ལྡན་པ།ཚུལ་ཁྲིམས་ཤིན་ཏུ
287a4 ཡོངས་སུ་དགེ་བཞི་གོ་བྱུང་སྟེ།།རྣམ་པར་འཕྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་རྡོ་རྗེའི་ལྟེ་བ་དྲི་དགོན་པའི་གནས་ན་འཚིག་པ་ན་འདི་ལྟ་སྟེ།ཆོས་འདུལ་བ་འངགས
287a5 པཱ་ལ་འགྲུས་ཤིང་བརྩོན་པར་གྱུར་ཏེ།སངས་རྒྱས་ཀྱི་ཆོས་ལ་གནས་པན་ཚུལ་བཞིན་དུ་སྦྱོར་བ་འདི་ལྟ་བུ་བྱུང་སྟེ།གང་ཆོས་ཐམས་ཅད་ལ་མི་དམིགས་པ་དེ་ནི་ཚུལ
287a6 དྲིམས་སོ།།གང་དངོས་པོ་ཐམས་ཅད་ལ་མངོན་པར་མཞེན་པ་དེ་ནི་ཚུལ་ཁྲིམས་སོ།།གང་ཉོན་མོངས་པ་ཐམས་ཅང་རབ་ཏུ་ཞི་བ་དེ་ནི་ཚུལ་ཁྲིམས་སོ།།ག
287a7 ལུས་གཟུགས་བརྙན་དང་འདྲ་བར་ཤེས་པ་དེ་ནི་ཚུལ་ཁྲིམས་སོ།།གང་དག་བྲག་ཅ་ལྟ་བུར་ཤེས་པ་དེ་ནི་ཚུལ་ཁྲིམས་སོ།།གང་སེམས་ལ་སྒྱུ་མའི་ཆོས་ལྟ་བུར




iiif viewer powered by OpenSeadragon

286b - 287b

Texts on this page

N153 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo