e-texts navigator
Collection
Volume
Page
Wylie

286b1 འདི་མེས་ཡོངས་སུ་གང་བར་བྱིན་གྱིས་རློབ་བོ།།དེ་འདོད་ནཱ་མེ་ཏོག་གིས་ཀུན་ཏུ་བཀྲམ་པར་བྱིན་གྱིས་རློབ་བོ།།དེ་འདོད་ན་ཐམས་ཅད་རིན་བུ་ཆེའི་རང་བཞིན་དུ་བྱིན
286b2 གྱིས་རློབ་བོ།།དེ་འདོད་ན་འཇོག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་གཱི་རོའི་རྒྱལ་པོ་རི་རབ་དེ་དག་ཐམས་ཅད་རི་གཅིག་ཏུ་བྱིན་གྱིས་རློབབོ།།རྣམ་པར་འཕྲུལ
286b3 བའི་རྒྱལ་པོ་དེ་ལྟར་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་བྱང་ཆུབ་སེམས་དཔའ་འདོད་ན་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་བྱེ་མ་སྙེད་དག་གི་རྒྱ་མཚོ་ཆེན་པོ་དེ་དག་ཐམས་ཅད
286b4 རྒྱ་མཚོ་ཆེན་པོ་གཅིག་ཏུ་བྱིན་གྱིས་རློབ་བོ།།དེ་ཚུལ་ཁྲིམས་ལ་གནས་པ་དེ་དང་ལྡན་ན་གང་སྨན་པ་དེ་འགྲུབ་ཅིང་གྲང་བྱིན་གྱིས་བརླབས་པ་དེ་དེ་བཞིན་དུ་འགྱུར་རོ།།
286b5 རྣམ་པར་འཕྲུལ་པའི་རྒྱལ་པོ་ཚུལ་ཁྲིམས་ལ་གནས་པའི་བྱང་ཆུབ་སེམས་དབང་དེ་ནི་རྣམ་པར་འབྲལ་པ་བཞི་པོ་འདི་དག་དང་ལྡན་པར་འགྱུར་རོ།།ཚུལ་ཁྲིམས་དང
286b6 ལྡན་པ་དེ་བླ་ན་མེད་པ་ཡང་དག་པོར་རྫོགས་པའི་བྱང་ཆུབ་ཏུ་སེམས་ཀྱིས་སྨོན་པ་དེའང་འགྲུབ་པར་འགྱུར་རོ།།རྣམ་པར་འཕྲུལ་པའི་རྒྱལ་པོ་སྔོན་བྱུང་བ་འདུས་དེའི་དུས
286b7 བསྐལ་བ་བྲེངས་མེད་པ།ཤིན་ཏུ་གྲངས་མེད་པོ།རྒྱ་ཆེ་བ།ཚད་མེད་པ།བསམ་གྱིས་མི་ཁྱབ་པ་ན་དེ་བཞིན་གཤེགས་པ་འོད་དྲི་མ་མེད་པའི་འོད་ཟེར་གྱི




iiif viewer powered by OpenSeadragon

286a - 287a

Texts on this page

N153 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo