e-texts navigator
Collection
Volume
Page
Wylie

286a1 ཤིན་ཏུ་རྣམ་པར་དག་པའི་ཚུལ་ཁྲིམས་དང་།དེ་བཞིན་གྲ་ཤེགས་པའི་རིགས་རྒྱུན་མི་འཆད་པའི་ཚུལ་ཁྲིམས་དྲང་།ཆོས་ཀྱི་རིགས་ཡོངས
286a2 སུ་སྲུང་བའི་ཚུལ་ཁྲིམས་དང་།འཕགས་པའི་དགེ་འདུན་འགུགས་པའི་ཚུལ་ཁྲིམས་དང་།བྱང་ཆུབ་ཀྱི་སེམས་ལ་རབ་ཏུ་གནས་པའི་ཚུལ་ཁྲིམས་དང་།ཕ་རོལ་ཏུ
286a3 ཕྱིན་པ་དྲུག་གིས་ཉེ་བར་བརྟན་པའི་ཚུལ་ཁྲིམས་དང་།དྲན་པ་ཉེ་བར་བཞག་པ་དང་།ཡང་དག་པར་སྤོང་བ་དང་།རྫུ་འཕྲུལ་གྱི་རྐང་པ་དང་།དབང་པོ་དང་།སྟོབས
286a4 དང་།བྱང་ཆུབ་ཀྱི་ཡན་ལག་དང་།ལམ་སྒོམ་པའི་ཚུལ་ཁྲིམས་དང་།བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཐམས་ཅད་ཡང་དག་པུརྱ་སྒྲུབ་པའི་ཚུལ་ཁྲིམས
286a5 རྣམ་པར་འཕྲུལ་པའི་རྒྱལ་པོ་དེ་ལྟར་ཚུལ་ཁྲིམས་ཕུན་སུམེ་ཚོགས་པའི་བྱང་ཆུབ་སེནས་དཔའ་གང་སྨོན་པ་དེ་འགྲུབ་པར་འགྱུར་རོ།།ཅི་ཞིག་སྨོན་ཅེ་ན།
286a6 ལྟར་ཚུལ་ཁྲིམས་ཕུན་སུམོ་ཚོགས་པའི་བྱང་ཆུབ་སེམས་དཔའ་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་སྲེག་པའི་བསྐལ་པ་ཆེན་པོའི་མེས་རབ་ཏུ་གང་ཞིང་འདུག་པ་ལ
286a7 གལ་ཏེ་བྱང་ཆུབ་སེམས་དཔས་མེ་འདི་རབ་ཏུ་ཞི་བར་གྱུར་ཅིག་ཅེས་སྨོན་པ་མ་དེ་སྐད་བཏབ་ན་མེ་དེ་རབ་ཏུ་ཞི་ཞིང་མེད་པར་འགྱུར་རོ།།དེ་འདོད་ན་སྟོང་གསུམ་པོ




iiif viewer powered by OpenSeadragon

285b - 286b

Texts on this page

N153 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo