e-texts navigator
Collection
Volume
Page
Wylie

284b1 བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྟུལ་ཞུགས་གྲུབ་པ་ཡོངས་སུ་རྫོགས་པར་འགྱུར་བ་ལགས།དེ་སྐད་ཅེས་གསོལ་པ་དང་།བཅོམ་ལྡན་འདས་ཀྱིས
284b2 བྱང་ཆུབ་སེམས་དཔའ་རྣམ་པར་འཕྲུལ་པའི་རྒྱལ་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།རྣམ་པར་འཕྲུལ་པའི་རྒྱལ་པོ་ལེགས་སོ།།ལེགས་སོ།།རྣམ་པར་འཕྲུལ་པའི
284b3 རྒྱལ་བ་ཁྱོད་དེ་བཞིན་གཤེགས་པ་ལ་དོན་དེ་ལྟ་བུ་འདྲི་བར་སེམས་པའང་ལེགས་སོ།།རྣམ་པར་འཕྲུལ་པའི་རྒྱལ་པོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉན་ལ་ཡིད་ལ་གཟུང
284b4 ཞིག་ང་ངོ་།ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐེག་པ་ཆེན་པོ་འདི་ལ་རྣམ་པར་འཕྲུལ་པ་དང་།ཐེག་པ་ཆེན་པོ་འདི་ལ་སེམས་ཅན་གཞན
284b5 དྲག་དང་།གང་ཟག་གཞན་དགྲ་འདོད་པར་བྱེད་པ་དང་།རྣམ་པར་འཕྲུལ་བ་དེས་ཀྱང་བདུད་ཐམས་ཅད་དང་།ལྷག་པའི་ང་རྒྱལ་ཅན་ཐམས་ཅད་དང་།པས
284b6 ཀྱི་རྒོལ་བ་ཐམས་ཅད་དང་།དམིགས་པར་ལྟོ་བ་ལ་མངོན་པར་ཞེན་པ་ཐམས་ཅད་ཆར་བཅད་ནས་ཐེག་པ་ཆེན་པོ་འདི་ལ་འགོད་པར་བྱེད་པ་དང་།སྨེན་ལམ་ཕུན་སུམ
284b7 ཚོགས་པར་འགྱུར་བ་དང་།འདི་ལྟ་སྟེ།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བརྟུལ་ཞུགས་གྲུབ་པར་འགྱུར་བ་ངས་བཤད་དོ།།བཅོམ་ལྡན་འདས




iiif viewer powered by OpenSeadragon

284a - 285a

Texts on this page

N153 - 'phags pa rnam par 'phrul ba'i rgyal pos zhus pa zhes bya ba theg pa chen po'i mdo